མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཚོང་ལས་ལས་འགོ་རྩོམ་པ་དང་ལས་གཞི་གཙོ་བོ་སླར་གསོ་བྱེད་པའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2020.03.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཚོང་ལས་ལས་འགོ་རྩོམ་པ་དང་ལས་གཞི་གཙོ་བོ་སླར་གསོ་བྱེད་པའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་ལས་ཐོན་སླར་གསོ་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས་པའི་གནས་ཚུལ་དང་ཞིང་ཆེན་ཡོངས་ཀྱི་ལས་ཐོན་སླར་གསོའི་སྤྱི་ཁོག་གི་གནས་ཚུལ། ལས་གཞི་གཙོ་བོ་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཉན་པ་དང་། བྱ་བ་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་གོ་སྐབས་སུ་བསྒྱུར་བ་དང་གོ་སྐབས་ལས་ནུས་པ་འདོན་པ། ནུས་པ་བརྟེན་ནས་ཉེན་ཁར་བཀག་འགོག་བྱེད་པ་རྒྱུན་འཁྱོངས་བྱེད་པ། མཐུན་སྦྱོར་བྱེད་པ་དང་དགེ་མཚན་འཕེལ་རྒྱས་སུ་གཏོང་བ། ཏན་ཏན་ཏིག་ཏིག་བྱེད་པ་རྒྱུན་འཁྱོངས་བྱེད་པ། དམིགས་ཚད་ལྟར་བར་ཁྱད་འཚོལ་བ་དང་། དཀའ་ཁག་གདོང་གིས་བསུ་བ་དང་དཀའ་ངལ་ཁྱད་སེལ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཚོང་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པ་དང་ཕན་འབྲས་ལེན་པ། ལས་གཞི་གཙོ་བོའི་ལས་འགོ་རྩོམ་པར་སྐུལ་འདེད་གཏོང་དགོས་ཟེར།

རྒྱུན་ལས་ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ལིས་ཅེ་ཞང་གིས་འགོ་མཛིན་བྱས། ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡན་ཅིན་ཧེ་དང་ཁོང་ཡུང་། ཝང་ལིས་མེན། ལིག་ཐོ་བཅས་གྲོས་ཚོགས་ལ་ཞུགས།

ལིག་ཉིང་གིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་བྱུང་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། དུས་ཚོད་དང་གནས་བབ་ལྟར་བྱ་བའི་ཤུགས་འདོན་ས་དང་ཁ་གཏད་བྱེད་ཐབས་ལེགས་སྒྲིག་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས། ལྷག་པར་དུ་རིགས་བགར་ནས་སྲིད་ཇུས་སྤྱོད་པ་དང་ཁེ་ལས་རེར་སྲིད་ཇུས་རེ་སྤྱོད་པ། སྔ་མོ་ནས་ལག་བསྟར་བྱེད་པ། བརྟན་བརླིང་ངང་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་ལས་ཐོན་གསོ་ལ་རྩ་འཛུགས་བྱེད་པ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩ་ཇེ་བརྟན་དུ་བཏང་བ་དང་། དཀའ་ཁག་ཁྲོད་གཏན་འཇགས་སུ་གཏོང་བ་དང་གཏན་འཇགས་ཁྲོད་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་མངོན་པར་བྱས་ཡོད་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་བྱེད་པ་དང་། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་རྒྱུས་ལོན་ཡང་དག་བྱེད་པ། ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ། བྱ་བའི་གཙོ་གནད་དེ་ལས་ཐོན་སླར་གསོ་ནས་ཕན་འབྲས་ལེན་པར་བསྒྱུར་བ་དང་། ཡུན་ཐུང་འཕྲལ་བསྟུན་ནས་ཡུན་རིང་རྒྱུན་མཐུད་ལ་བསྒྱུར་བ། གཙོ་གནད་འགན་སྲུང་བྱེད་པ་ནས་སྤྱི་ཡོངས་ལ་སྐུལ་འདེད་བྱེད་པར་བསྒྱུར་ནས། ལག་བསྟར་དམ་འཛིན་བྱེད་དགོས། གཙོ་གནད་འབུར་ཐོན་བྱས་ནས་དངུལ་གཏོང་གཏན་འཇགས་སུ་གཏོང་བ་དང་། ལས་གཞིའི་སྔོན་གྱི་མཁྲེགས་གཏོར་བཟོ་སྐྲུན་ལག་བསྟར་བྱེད་པ། མཆན་འགོད་ལག་བསྟར་བཟོ་སྐྲུན་སྤེལ་བ། ལས་གཞི་ལག་བསྟར་ལོའི་བྱ་འགུལ་སྤེལ་བ། ལས་གཞི་གཙོ་བོ་རྒྱུན་རྣམ་ཅན་དུ་བསྒྱུར་བའི་རྟོག་ཞིབ་ལྟ་སྐུལ་རྐྱེན་སྲོལ་བཙུགས་ཏེ། སྟོབས་ཤུགས་ཡོད་རྒུས་ལས་གཞི་གཙོ་བོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།