མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཟི་ལིང་ནས་ཚོགས།
2020.03.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46


མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ཟི་ལིང་ནས་ཚོགས།  མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ང་དྲུག་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་མཛིན་བྱས།

ཚོགས་ཐོག་ནས་རིམ་པ་བཞིན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཐེངས་འདིའི་གྲོས་ཚོགས་སྟེང་རེ་ཞུ་བྱས་པའི་མི་དོན་བྱ་བའི་གནས་ཚུལ་སྐོར་གྱི་གསལ་བཤད་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་གཏོང་བའི་འཆར་ཟིན་སྲོལ་ཡིག་གི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་བསྐོ་བཞག་བྱེད་ཐབས་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་ཁེལ་འཆར་ཟིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ལས་བྱེད་མི་སྣའི་རྩ་ཁྲིམས་དམ་བཅའ་ལམ་ལུགས་ལག་བསྟར་བྱེད་པའི་བྱེད་ཐབས་བཟོ་བཅོས་བྱེད་པའི་གཏན་ཁེལ་འཆར་ཟིན་སྐོར་གྱི་གསལ་བཤད་སོགས་ལ་ཉན།

ཚོགས་ཐོག་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་བཟོ་བཅོས་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2020ལོའི་སྐོར་ཁག་གཉིས་པའི་ས་གནས་སྲིད་གཞུང་གི་དངུལ་རྩ་འགྲེམ་སྤེལ་བྱེད་པ་མ་ཟད་འོས་མཐུན་སྒོས་ཡོང་སྒོ་དང་འགྲོ་གྲོན་སྔོན་རྩིས་ལེགས་སྒྲིག་བྱེད་པའི་སྙན་ཞུ་སྐོར་གྱི་ཞིབ་བཤེར་སྙན་ཞུ་འགྲེམ་སྤེལ་བྱས།