མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཟི་ལིང་ནས་གྲོལ།
2020.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཟི་ལིང་ནས་གྲོལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ང་ལྔ་གྲོས་ཚོགས་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། ཀྲང་ཀོང་རོང་གིས་འགོ་མཛིན་བྱས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱེད་ཐབས་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་ཁེལ་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་རྩ་ཁྲིམས་དམ་བཅའ་ལག་བསྟར་བྱེད་ཐབས་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་ཁེལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པའི་གཏན་ཁེལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འགལ་རྔོན་འཛིན་དང་ཉོ་ཚོང། རི་སྐྱེས་རི་དྭགས་ཀྱི་ཤ་ཟ་བར་བཀག་འགོག་བྱེད་པའི་སྐོར་གྱི་གཏན་ཁེལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་བཟོ་བཅོས་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2020ལོའི་སྐོར་ཁག་གཉིས་པའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་བྱེད་པ་མ་ཟད་འགྲོ་གྲོན་སྔོན་རྩིས་ལ་ལེགས་སྒྲིག་འོས་འཚམ་བྱེད་པའི་སྐོར་སྙན་ཞུ་ལ་ཆོག་མཆན་འགོད་པའི་གཏན་ཁེལ་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་འབྲེལ་ཡོད་མི་དོན་བྱ་བར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དཔོན་པོ་ཁྲིན་མེན་ཀའོ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མིན་ཡུང་ཧྲན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རོན་ཆེན་མཚོས་བསྒྱུར།