ཞི་ཅིན་ཕིང་གིས་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་ལ་ཁ་པར་བཏང་།
2020.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་རིམས་ནད་འགོག་སྡོམ་གནས་བབ་ཧ་ཅང་དཀའ་ཚེགས་ཆེ་བའི་སྐབས་སུ་ཧ་སག་སི་ཐན་སྲིད་གཞུང་དང་ལས་རིགས་སོ་སོས་རྒྱབ་སྐྱོར་གནང་བ་དང་། དེང་སྐབས་ཧ་སག་སི་ཐན་རྒྱལ་ཁབ་ཏུ་ཡང་རིམས་ནད་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད། ཙུང་ཐུང་ལགས་ཀྱི་འགོ་ཁྲིད་འོག ཧ་སག་སི་ཐན་སྲིད་གཞུང་གིས་མྱུར་དུ་བྱེད་ཐབས་ལེགས་པོ་སྤྱད་པ་དེ་ལས་རྒྱལ་ཁབ་རང་གི་མི་དམངས་ལ་འགན་འཁུར་བའི་རྣམ་པ་གསལ་བོར་མཚོན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེ་ལ་གདེང་འཇོག་ཆེན་པོ་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་མཉམ་སྲུང་བྱེད་འདོད་ཡོད། རིམས་ནད་ནི་གནས་སྐབས་ཙམ་ཡིན་པ་དང་མཉམ་ལས་ནི་ཡུན་རིང་ལྡན་པ་ཞིག་ཡིན། རིམས་ནད་ཀྱིས་ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་མཉམ་ལས་དེ་འགྲན་རྩོད་སྣ་ཚོགས་དང་འཕྲད་དུ་བཅུག་པ་དང་མཉམ་དུ་གོ་སྐབས་གསར་བ་ཡང་ལྡན་པར་བྱས་ཟེར།

ཐོ་ཁ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་འོག  ཀྲུང་གོ་མི་དམངས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྤྱི་ཁོག་ནང་དུ་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།