ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2020.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དང་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན། ཧུར་ཐག་སྒོས་མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་བ་སོགས་ཀྱི་དོན་དག་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་བདང་ལག་བསྟར་བྱས་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུ་ནི་སྲིད་གཞུང་སྤྱི་ཐུན་འགན་ནུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞི་རང་བཞིན་དང་ཞབས་ཕྱི་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་བྱ་བ་ཡིན། ཞབས་ཞུ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞབས་ཞུའི་མཁོ་འདོན་མུ་མཐུད་དུ་རྒྱ་བསྐྱེད་དགོས་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་ཆགས་པར་བྱས་ཏེ། མི་གྲངས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ལོ་ལོན་ཅན་གྱི་ཆོས་ཉིད་གསལ་བོར་ཤེས་པར་བྱེད་པ་དང་། ལོ་ལོན་བྱ་བའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་དགོས་ལ། ཤུགས་ཆེན་པོས་ལོ་ལོན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུན་མཐུད་དང་རིམ་པ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་གསར་སྐྲུན་བྱས་ནས། རྒན་གསོ་ཞབས་ཞུའི་མ་ལག་དང་བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།