ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2020.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན།    ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་ལྔ་བཅུ་བ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་ལྔ་བ་བསྡུས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཉེ་བའི་དུས་སྐབས་ནང་གི་བྱ་བ་གཙོ་བོར་ཞིབ་བཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་།      ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་རྒྱུ་སྤུས་མཐོར་འདེགས་ཀྱི་ལོ་གསུམ་འགུལ་སྐྱོད་སྤེལ་བའི་སྐོར་གྱི་ཉིས་སྟོང་ཉི་ཤུ་ལོའི་ལག་བསྟར་ཇུས་གཞི་དང་།    མགོ་གཙོའི་དགོངས་པར་སློབ་སྦྱོང་བྱས་ཏེ་འགན་འཁྲིའི་ཨུ་ཡོན་བརྩོན་ལེན་བྱེད་པ་དང་ཆེད་དོན་གྲོས་མོལ་སྡེ་ཁག་གི་བྱེད་ནུས་འདོན་སྤེལ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རོགས་འདེགས་བྱེད་པ་ཞེས་པའི་བརྗོད་གཞི་ཆེན་པོ་གཉིས་ཀྱི་འགན་སྒྲུབ་བྱ་འགུལ་ཇུས་གཞི་ལ་གྲོས་ཞིབ་བྱས།   གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཡིན་པས།   ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་བརྗོད་དོན་འགན་སྒྲུབ་བྱ་འགུལ་སྤེལ་བ་ནི་བྱ་བ་གཙོ་བོར་དམིགས་ཏེ་སྲིད་གྲོས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།   ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་བཏང་སྟེ་བྱ་འགུལ་གྱི་བརྗོད་གཞི་གཅིག་བསྡུས་དང་རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་དགོས།    ཕྱོགས་གཉིས་ཤུགས་འདོན་རྒྱུན་འཁྱོངས་ཀྱིས་སྲིད་གྲོས་ཨུ་ཡོན་དག་རིགས་སོ་སོའི་མང་ཚོགས་ཁྲོད་ཟབ་ཞུགས་བྱས་ཏེ་སྲིད་ཇུས་དྲིལ་སྒྲོག་དང་ཐུན་མོང་གི་འདུ་ཤེས་གཅིག་སྒྲིལ་བྱེད་པར་སྣེ་ཁྲིད་བྱེད་པ་དང་།     འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་བརྟན་དཔྱད་ཞིབ་འཇུག་དང་བློ་འདོན་ཇུས་འབུལ་བྱེད་དགོས།    མཉམ་འགུལ་རོགས་རེས་ལ་ཤུགས་སྣོན་དང་།    རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱི་བྱེད་ནུས་སྔར་ལས་འདོན་སྤེལ་བཟང་བོ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་།  བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།

གྲོས་ཚོགས་སྟེང་།   ཞིང་ཆེན་སྲིད་གྲོས་ཀྱིས་ཨུ་ཡོན་གྱི་འགན་སྒྲུབ་དཔྱད་ཞིབ་བྱེད་ཐབས་ལག་བསྟར་གནས་ཚུལ་དང་གསོ་སྦྱོང་བྱ་བ་སྤེལ་བའི་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་།    ཨུ་ཡོན་འགན་སྒྲུབ་སྐོར་གྱི་ལམ་ལུགས་རང་བཞིན་གྱི་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་།   ལངས་ཁུངས་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་སྙན་ཞུ་ལ་ཉན་པ་དང་།   ཉིང་སྟོང་ཉི་ཤུ་ལོའི་ཞིང་ཆེན་སྲིད་གྲོས་ལངས་ཁུངས་ཀྱི་ལྟ་ཞིབ་བྱ་བའི་འཆར་གཞི་སོགས་ལ་གྲོས་ཞིབ་བྱས་པ་དང་།    འདས་པའི་ལོ་གཅིག་རིང་གི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ།   ཀྲང་ཧྲིག་ཁྲུན།   ཏུའུ་ཅེ།   ཀྲང་ཝུན་ཁོའེ།   མཱ་ཧེ་དབྱིན།   ཝང་ཞོན།   ཏུའུ་ཏི་ཀྲི།   དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།