ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་གསར་དུ་བཟོ་བཅོས་བྱས་པའི་དམག་དཔུང་གི་སྤྱི་ཚོགས་ཚོགས་པའི་དོ་དམ་བྱ་བའི་གཏན་འཁེལ་འགྲེམ་སྤེལ་བྱས།
2020.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་གསར་དུ་བཟོ་བཅོས་བྱས་པའི་དམག་དཔུང་གི་སྤྱི་ཚོགས་ཚོགས་པའི་དོ་དམ་བྱ་བའི་གཏན་འཁེལ་འགྲེམ་སྤེལ་བྱས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས།

གསར་དུ་བཟོ་བཅོས་བྱས་པའི་གཏན་འཁེལ་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་ཞེ་དགུ་ཡོད། གསར་དུ་བཟོ་བཅོས་བྱས་པའི་ནང་དོན་གཙོ་བོ་ནི། དམག་དཔུང་གི་རིགས་སོ་སོའི་མི་སྣ་ཚོགས་པར་ཞུགས་པའི་གཞི་རྩའི་ཆ་རྐྱེན་ཚད་ལྡན་དུ་བཏང་བ་དང་། དམག་དཔུང་གི་ལས་ཐོག་ཆེད་ལས་ལག་རྩལ་མི་སྣ་ཚོགས་པར་ཞུགས་པ་དང་ཚོགས་པའི་འགན་ཞོར་དུ་འཁུར་བའི་མི་གྲངས་ལེགས་སྒྲིག་བྱས་པ། དམག་དཔུང་ལ་དོ་དམ་བྱེད་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་ཚོགས་པར་ཞུགས་པའི་ལོ་ཚད་དང་དེ་མིན་དམག་དཔུང་གི་མི་སྣས་ཚོགས་པའི་ཏང་རྩ་འཛུགས་ཀྱི་འགན་ཞོར་དུ་འཁུར་བའི་གནད་དོན་ཚད་ལྡན་དུ་བཏང་བ། དམག་དཔུང་ལས་ཁུངས་ཚོགས་པར་ཞུགས་པ་དང་ཚོགས་པའི་བྱ་འགུལ་གྱི་འབྲེལ་ཡོད་གཏན་འཁེལ་འཐུས་ཚང་དུ་བཏང་བ། དམག་དཔུང་གི་མི་སྣ་དང་ལས་ཁུངས་མི་དམངས་ཚོགས་པར་ཞུགས་སྐབས་ཚོགས་པར་མིང་འགོད་མི་དགོས་པའི་འགྲོ་ལུགས་བྱེད་ཐབས་འཐུས་ཚང་དུ་བཏང་བ། དམག་དཔུང་གིས་གཙོ་འགན་འཁུར་བའི་ཚོགས་པའི་དོ་དམ་འབྲེལ་ཡོད་གཏན་འཁེལ་འཐུས་ཚང་དུ་བཏང་བ། རིམ་པ་སོ་སོའི་ཚོགས་པའི་དོ་དམ་བྱ་བ་དངོས་འབེབས་བྱེད་པའི་ལྟ་སྐུལ་དོ་དམ་འགན་འཁྲི་ཚད་ལྡན་དུ་བཏང་ནས་གཏན་འཁེལ་དང་འགལ་བའི་མི་སྣ་དང་ལས་ཁུངས་ཀྱི་འགན་འདྲི་ཐག་གཅོད་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་པ་བཅས་རེད། གསར་དུ་བཟོ་བཅོས་བྱས་པའི་གཏན་འཁེལ་ལས་དམག་དཔུང་དོ་དམ་བྱ་བ་གོ་རིམ་ལྡན་པར་ཚད་ལྡན་དང་འཐུས་ཚང་དུ་བཏང་བ་དང་། དེ་ལ་ཚན་རིག་རང་བཞིན་དང་དམིགས་ཡུལ་རང་བཞིན། ལག་བསྟར་རང་བཞིན་བཅས་ལྡན།