ཝང་དབྱང་གིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2020.03.31 ཁུངས། ཀློག་གྲངས། 100

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་བཞི་བ་ཚེས་སུམ་ཅུ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ནས་པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཞུགས་པའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཝང་དབྱང་གིས་བསྟན་དོན། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་འོག་ཏུ། རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སྒོས་སླར་གསོ་བྱུང་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ལག་ལེན་བརྒྱུད་དེ་མཐོང་ཐུབ་པ་ནི་ཏང་ཀྲུང་དབྱང་གིས་རིམས་ནད་ཀྱི་གནས་བབ་དང་བསྟུན་ནས་བརྡར་ཤ་བཅད་པ་དང་ཇུས་ཐག་བཅད་པ་ནི་ཡང་དག་པ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་ཐོག་མཐའ་བར་གསུམ་ཀུན་ཏུ་ཨང་དང་པོར་བཞག་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མངོན་མཚོན་བྱས་ཡོད་ཟེར།

ཝང་དབྱང་གིས་བསྟན་དོན། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ནན་ཏན་གྱིས་ལག་བསྟར་དངོས་འབེབ་བྱེད་པ་དང་། སྲིད་དོན་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་གྱིས་ཕྱོགས་གཉིས་ནས་ཤུགས་འདོན་པའི་བྱ་བ་སྣ་ཚོགས་གཏིང་ཟབ་ནན་སྒྲུབ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཐའ་གཅི་ཏུ་རྒྱལ་ཁ་ལེན་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་གཉིས་ཀྱི་རྒྱལ་ཁབ་བརྩོན་ལེན་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་འཇོག་དགོས་ཟེར།

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་རྟོག་ཞིབ་རྟོག་དཔྱོད་བྱེད་པའི་ཞིབ་འཇུག་བཀོད་སྒྲིག་དང་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་ལོ་སྨད་ཀྱི་བྱ་བའི་གནས་ཚུལ་སྐོར་གྱི་འབྲེལ་ཡོད་སྙན་ཞུའི་འཆར་ཟིན། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་གཙོ་བོ་གདམ་གསེས་དང་སྐུལ་སྒྲུབ་བྱ་ཐབས་ཀྱི་བཟོ་བཅོས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ནས་ད་དུང་འབྲེལ་ཡོད་ཀྱི་དོན་དག་གཞན་པར་ཞིབ་འཇུག་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་པེན་སོགས་ཀྱིས་སོ་སོར་འབྲེལ་ཡོད་གྲོས་གཞིའི་ཐད་ནས་གསལ་བཤད་བྱས། ཀྲང་ཆིན་ལི་དང་ལིག་ཆི་པའོ། ཝན་ཀང་། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པའོ། ཁྲིན་ཞའོ་ཀོང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། པ་ཐར། ཝང་ཡོང་ཆིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིག་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧོང་། ཀའོ་ཡོན་ལུང་བཅས་གྲོས་ཚོགས་ལ་ཞུགས།