ལིས་ཁི་ཆང་གིས་དུས་བཅད་ལྟར་ཨེ་ཨར་ལན་གྱི་ཙུང་ལི་ཝ་ལ་ཏི་ཁར་ཁ་པར་བཏང་།
2020.04.01 ཁུངས། ཀློག་གྲངས། 10

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར་དུས་བཅད་ལྟར་ཨེ་ཨར་ལན་གྱི་ཙུང་ལི་ཝ་ལ་ཏི་ཁར་ཁ་པར་བཏང་། ལི་ཁི་ཆང་གིས་བསྟན་དོན། དེང་སྐབས་པྲོག་གསར་གློ་ཚད་ཀྱི་རིམས་ནད་རྒྱལ་ཁབ་མང་པོར་མཆེད་བཞིན་ཡོད་པ་དང་ཨེ་ཨར་ལན་ལའང་རིམས་ནད་ཀྱི་གནོད་པ་ཐེབས་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཨེ་ཨར་ལན་གྱི་རིམས་ནད་འགོག་རྒོལ་ཐད་ལ་རྒྱབ་སྐྱོར་བྱེད་པ་དང་། རང་ནུས་གང་ཡོད་ཀྱི་ཁྱབ་ཁོངས་ནས་ཨེ་ཨར་ལན་གྱི་ཕྱོགས་ལ་དགོས་ངེས་ཀྱི་རོགས་རམ་འདོན་སྤྲོད་བྱས་ཏེ། ཨེ་ཨར་ལན་ཕྱོགས་ཀྱིས་ཀྲུང་གོ་ནས་སྨ་བཅོས་དངོས་རྫས་ཉོ་བསྡུ་བྱེད་པར་སྟབས་དེ་བསྐྲུན་ནས། འགོག་སྲུང་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཕྱོགས་ནས་མཉམ་ལས་སྤེལ་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཨེ་ཨར་ལན་དུ་ཀྲུང་གོའི་སྤྱི་དམངས་གང་མང་ཞིག་གིས་སློབ་སྦྱོང་དང་འཚོ་བ་རོལ་བཞིན་ཡོད་ལ། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། ཨེ་ཨར་ལན་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་རང་རྒྱལ་ཁབ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཕྱི་འགྲིམ་སློབ་མའི་བདེ་འཇགས་དང་འཚོ་བའི་ཐད་ལ་སྟབས་བདེ་གང་ལེགས་བསྐྲུན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར།

ཝ་ལ་ཏི་ཁ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་ཐད་ནས་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱས་པའི་གནས་ཚུལ་དུས་ལྟར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་སྤྱོད་བྱས་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བརྩི་བཀུར་ཐོབ་བཞིན་ཡོད། དེང་སྐབས་པྲོག་གསར་གློ་ཚད་ཀྱི་རིམས་ནད་དེ་ཨེ་ཨར་ལན་དུ་རྒྱ་ཁྱབ་ཏུ་མཆེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པར་མ་ཟད། རིམས་ནད་འགོག་བཅོས་བྱེད་པའི་སྨན་རྫས་ཉོ་བསྡུ་བྱེད་པའི་ཕྱོགས་ནས་ཀྲུང་གོས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྨན་རྫས་ཞིབ་འཇུག་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།

ཝང་དབྱི་གོང་གསལ་བྱ་འགུལ་ལ་ཞུགས།