ལིའུ་ཐའོ་ཡིས་མཚོ་ནུབ་ཁུལ་དུ་སློབ་འགོ་ཚུགས་པའི་བྱ་བར་རྟོག་ཞིབ་བྱས།
2020.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24


ཉེ་ཆར། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་སློབ་གྲྭའི་སློབ་འགོ་ཚུགས་པའི་བྱ་བར་རྟོག་ཞིབ་དང་ཞིབ་བཤེར་བྱས་ཤིང་། ལྷོད་གཡེང་གི་བསམ་བློ་ཁྱད་བསད་དང་། ལས་དོན་ཞིབ་ཕྲ་ཏན་ཏིག་སྒྲུབ་པ། རང་འགན་གཙང་སྒྲུབ་ཧུར་ཐག་བཅས་བྱས་ནས་སློབ་གྲྭའི་ས་གཙང་ལ་སྦགས་བཙོག་མི་བཟོ་པ་དང་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་གོ་རིམ་ལྡན་པར་འགན་སྲུང་བྱེད་དགོས་པ་ནན་བཤད་བྱས།

ལིའུ་ཐའོ་འཁོར་དང་བཅས་པ་སྔ་རྗེས་སུ་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་པའི་གཏེར་ལེན་ཁ་གྲོང་ཁྱེར་གྱི་སློབ་འབྲིང་དང་པོ་དང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཆུང་། མཚོ་ནུབ་ཁུལ་མཐོ་རིམ་སློབ་འབྲིང་། སློབ་འགོ་ཚུགས་མ་ཐག་པའི་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་བཅས་སུ་བསྐྱོད་དེ་ཞིང་ཆེན་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ས་གནས་དེའི་ཏང་ཨུའི་སྲིད་གཞུང་། སློབ་གསོ་སྡེ་ཁག་དང་སློབ་གྲྭའི་འགན་འཁུར་བ། དགེ་སློབ་ཁག་ཅིག་དང་བྱམས་བརྩེའི་ངང་བརྗེ་རེས་བྱས་པ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་དང་སློབ་གསོ་སློབ་ཁྲིད་ལས་དོན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ལུས་དྲོད་ལྟ་ཞིབ་ཚད་ལེན་དང་དུག་སེལ། སློབ་ཁང་དང་ཟ་ཁང་། ཉལ་ཁང་གི་དོ་དམ། རིམས་འགོག་དངོས་ཟོག་གྲབས་གསོག་དོ་དམ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས།

ལོ་ཙྰ་བ། ཤ་བོ་གསེར་མཚོ།