ལིའུ་ཉིང་གིས་རྩ་བའི་ཤེལ་བརྙན་ཞབས་ཞུའི་འཕྲུལ་ཆས་ལས་གཞི་དང་རྒྱལ་སྤྱིའི་དྲ་སྦྲེལ་གཞི་གྲངས་ཀྱི་ཆེད་སྤྱོད་བགྲོད་ལམ་འཛུགས་སྐྲུན་ལ་རྟོག་ཞིབ་བྱས།
2020.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཞི་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་མཚོ་སྔོན་གྱི་རྩ་བའི་ཤེལ་བརྙན་ཞབས་ཞུའི་འཕྲུལ་ཆས་རྣམ་གྲངས་སྤྱོད་འགོ་ཚུགས་པ་དང་། བེད་སྤྱོད་དང་དེ་བཞིན་རྒྱལ་སྤྱིའི་དྲ་སྦྲེལ་གྱི་ཆེད་སྤྱོད་བགྲོད་ལམ་བསྐྲུན་ཚུལ་ལ་རྟོག་ཞིབ་བྱས།  ཁོས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ། རྩ་བའི་ཤེལ་བརྙན་ཞབས་ཞུའི་འཕྲུལ་ཆས་ལས་གཞི་དང་རྒྱལ་སྤྱིའི་དྲ་སྦྲེལ་གཞི་གྲངས་ཀྱི་ཆེད་སྤྱོད་ ་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཟེར།

ལིའུ་ཉིང་གིས་རྩ་བའི་ཤེལ་བརྙན་ཞབས་ཞུའི་འཕྲུལ་ཆས་ལས་གཞི་དང་རྒྱལ་སྤྱིའི་དྲ་སྦྲེལ་གཞི་གྲངས་ཀྱི་ཆེད་སྤྱོད་བགྲོད་ལམ་བསྐྲུན་ནས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། གཞི་གྲངས་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། “གྲངས་རིག་མཚོ་སྔོན”བསྐྲུན་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱེད་དགོས།  ལག་རྩལ་གསར་པ་དང་འདུ་ཤེས་གསར་པ། བསམ་གཞིགས་གསར་པ་བཅས་བེད་སྤྱོད་གང་ལེགས་བྱེད་པ་དང་། རིག་ནུས་ཀྱི་མཐའ་སྣེའི་ཐོན་རྫས་གསར་གཏོད་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ། སྤྲིན་རྩིས་དང་གཞི་གྲངས་ཆེན་མོ། བཟོ་ལས་དྲ་སྦྲེལ་སོགས་ཐོན་ལས་གཅིག་སྡུད་ལ་སྔར་ལས་སྐུལ་འདེད་གཏོང་དགོས། གཅིག་སྡུད་ཅན་གྱི་གཉེར་སྐྱོང་བྱས་ནས་ཁེ་ལས་གཉེར་སྐྱོང་གི་མ་རྩ་སྔར་ལས་ཇེ་དམའ་རུ་བཏང་སྟེ། དྲ་སྦྲེལ་ཁེ་ལས་མཚོ་སྔོན་དུ་གཞིས་ཆགས་ཐུབ་པར་བྱེད་དགོས། 5Gདྲ་རྒྱ་ས་ཁོངས་ཡོངས་སུ་ཁྱབ་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། རིག་ནུས་ཅན་དང་མཉེན་ཆས་ཅན། མངག་བཟོ་ཅན་བཅས་ཀྱི་གྲངས་འཛིན་ཞབས་ཞུ་གསར་སྤེལ་ཤུགས་ཆེན་བྱས་ཏེ། རང་རེའི་ཞིང་ཆེན་གྱི་གྲངས་རིག་དཔལ་འབྱོར་གྱི་ཚུལ་སྒྱུར་དང་། མི་དམངས་མང་ཚོགས་ཀྱི་གཞི་གྲངས་ཅན་གྱི་འཚོ་བའི་འདོད་བློ་སྐོང་ཆེད། ལེགས་སྐྱེས་གསར་པ་འབུལ་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་རྟོག་ཞིབ་བྱེད་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།