མཚོ་སྔོན་ཞིང་ཆེན་གྱི་ཁྲི་ཀ་རྫོང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་སྐུལ་ལྕག་ཐོབ།
2020.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་བརྡ་ཁྱབ་དཔར་འགྲེམ་བྱས་ཏེ། 2019ལོར་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་ནས། ཕན་འབྲས་མངོན་གསལ་དོད་པའི་ས་གནས་སུ། མ་དངུལ་དང་ལས་གཞི། ས་ཞིང་། སྒྱུར་བཅོས་སོགས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་སོགས་སུ། བྱ་དགའ་དང་རྒྱབ་སྐྱོར་བྱེད་ཐབས30འོས་འཚམ་སྤྱད་ཡོད། དེའི་ནང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་ལ་གཙང་པོ་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པའི་ལས་དོན་ཁག་གཉིས་ལ་བྱ་དགའ་དང་རྒྱབ་སྐྱོར་ཐོབ།

བརྡ་ཁྱབ་བཏང་ནས་བསྟན་དོན། དྲང་ཕྱོགས་ཀྱི་སྐུལ་སློང་ལ་སྔར་ལས་ཤུགས་སྣོན་རྒྱག་དགོས། བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ས་གནས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་ལས་ལྷག་པར་སྐུལ་སློང་དང་འདོན་སྤེལ་བྱེད་རྒྱུ་དང་། འགན་འཁུར་ལས་སྒྲུབ་དང་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས། ཕན་འབྲས་མངོན་གསལ་དོད་པའི་ས་གནས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་བརྡ་ཐོ》གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་མོ་དང་ཆེད་དོན་ལྟ་ཞིབ། སྡེ་ཁག་གི་རྒྱུན་གཏན་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་བཅས་དང་ཟུང་འབྲེལ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་མོས་མཐུན་བྱུང་བ་བརྒྱུད་དེ་གཞི་ནས། 2019ལོར་མཁྲེགས་གཏོར་ཆེན་མོ་གསུམ་་གྱི་དམག་འཐབ་ཡག་པོ་བརྒྱབ་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ནང་མཁོ་མུ་མཐུད་རྒྱ་ཆེར་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་འགན་སྲུང་ལེགས་བཅོས་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། དངོས་འཛིན་དངོས་སྒྲུབ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་ས་གནས213ལ་ལྟ་སྐུལ་ཞིབ་བཤེར་དང་སྐུལ་ལྕག་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།