ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཟི་ལིང་གྲོང་ཁྱེར་གྱི་ཞིང་ཕྱུགས་ཁེ་ལས་ཐོན་སྐྱེད་ཚོང་གཉེར་གནས་བབ་ལ་རྟོག་ཞིབ་བྱས། ཡན་ཅིན་ཧེ་སྔ་གཞུག་ཏུ་བཟོ་གྲྭ་དང་འཁོར་ཁང་དུ་སོང་ནས་ཐོན་རྫས་ལས་སྣོན་དང་ལག་རྩལ་ཞིབ་འཇུག་གསར་སྤེལ། ཚོང་གཉེར་ཉོ་ཚོང་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་པ་མ་ཟད། ཡུལ་དངོས་ནས་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ལ་རོགས་བྱས་ནས་དཀའ་ཁག་ཐག་གཅོད་པར་ལྟ་སྐུལ་བྱས་ཏེ། ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཕན་ཡོད་ཆ་རྐྱེན་འདོན་སྤྲོད་བྱས།
ཡན་ཅིན་ཧེ་ཡིས་བསྟན་དོན། མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱིས་ཞིང་ཕྱུགས་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ན། མཐོ་སྒང་གི་ཁྱད་ལྡན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྐྱེད་སྲིང་བྱེད་པ་དང་། ལྗང་མདོག་དང་སྐྱེ་ལྡན། སྤུས་ལེགས། བདེ་འཇགས་ཀྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ཀྱི་མཁོ་འདོན་རྒྱ་བསྐྱེད་དགོས་ཟེར།
ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། ནོར་གནག་དང་ནས་སོགས་ཀྱི་མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ཐོན་ཁུངས་ལ་རྐང་འཛུགས་པ་དང་། ཚན་རྩལ་གསར་གཏོད་དང་གཏིང་ཟབ་ལས་སྣོན་ལ་རྒྱབ་རྟེན་ནས། ཐོན་ལས་སྦྲེལ་ཐག་རྒྱུན་བསྲིང་བ་དང་རིན་ཐང་སྦྲེལ་ཐག་མཐོར་འདེགས་བཏང་སྟེ། ཚོང་རའི་དགོས་མཁོ་ཡི་སྤུས་ལེགས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྔར་ལས་མང་པོ་ཐོན་སྐྱེད་བྱེད་དགོས། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ལ་བཙོག་བཟོ་མི་བྱེད་པ་དང་ལྗང་མདོག་སྐྱེ་ལྡན་དགེ་མཚན་དང་ཚོང་རྟགས་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ་དང་། དྲིལ་སྒྲོག་ཁྱབ་གདལ་ལ་ཤུགས་སྣོན་པ། ཞིང་ཕྱུགས་ཐོན་རྫས་ཚོང་རའི་ངོས་འཛིན་དང་ཟིན་ཚད། ཤུགས་རྐྱེན་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། ཁེ་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ཞོར་དུ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས་ཟེར།