རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2020.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་བསྡུས། རིམས་ནད་སྔོན་འགོག་ཚོད་འཛིན་བཟང་བོ་བྱེད་ཆེད། སྒྲོག་སྤེལ་ཚོགས་འདུ་དྲ་རྒྱའི་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་བསྡུས། ཚོགས་འདུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཝེ་མིན་གྱིས་ངོ་སྤྲོད་བྱས་ན་ལྟར་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་འགོ་རྩོམ་རྒྱུ་ཡིན་པ་དང་། ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་མཇུག་བསྒྲིལ་རྒྱུ་ཡིན་ལ། ཚོགས་འདུའི་དུས་ཡུན་འཆར་གཞི་དང་བསྡུར་ན་ཉིན་བཞི་དང་ཕྱེད་ཀས་ཇེ་ཐུང་དུ་བཏང་ཡོད་ཟེར།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་བཏོན་པའི་སྲིད་གྲོས་ཀྱིས་རིམས་ནད་འགོག་རྒོལ་ཁྲོད་བཏོན་པའི་ནུས་པ་ཞེས་པའི་དྲི་བར་ལན་འདེབས་སྐབས། ཀའོ་ཝེ་མེན་གྱིས་བཤད་རྒྱུར། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཨུ་ཡོན་ཚོས་རིམས་ནད་འགོག་རྒོལ་ཡུལ་དངོས་སུ་རིམས་འགོག་ཐད་འབད་འཐབ་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་བྱ་བ་སྤེལ་ཡོད་ཟེར།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། གསར་འགྱུར་མགྲིན་ཚབ་པས་ད་དུང་ཀྲུང་གོའི་དཔལ་འབྱོར་འཕེལ་ཕྱོགས་དང་དབུལ་ཐར་མཁྲེགས་གཏོར། འཛམ་གླིང་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་གཏན་འཇགས་སུ་གཏོང་བ། མཁོ་འདོན་སྦྲེལ་ཐག་སོགས་གནད་དོན་ཐད་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།