ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2020.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ཞན་ཆར་ཤུགས་སྣོན་བྱེད་པ་དང་ས་ཁུལ་གཙོ་བོའི་འགོག་སྲུང་བྱ་བ་གཙིགས་འཛིན་བྱས་ནས་རིམས་ནད་ཡང་བསྐྱར་འཕར་བར་གཏན་འགོག་བྱེད་དགོས། འགོག་སྲུང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས། ལྔ་གཅིག་སྐབས་ཀྱི་རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོའི་ནུས་ལྡན་སྒྲུབ་སྟངས་ཁྱབ་གདལ་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་འགོག་སྲུང་ནུས་པ་ཇེ་ཆེར་བཏང་ནས། འཛད་སྤྱོད་དང་དཔལ་འབྱོར་མྱུར་དུ་བསྐྱར་འཕར་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ལྔ་གཅིག་དུས་ཆེན་སྐབས་ཀྱི་རིམས་འགོག་གྲུབ་འབྲས་ལ་དཔྱད་འཇོག་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། དཔྱད་འཇོག་བྱས་པ་བརྒྱུད། དུས་ཆེན་སྐབས་སུ་རིམས་འགོག་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ནུས་ལྡན་འགོག་སྲུང་བྱེད་ཐབས་ཀྱིས་གོ་རིམ་རྗེས་མའི་དུས་ཆེན་དང་ཡང་ན་གཞི་ཁྱོན་ཆེ་བའི་མི་སྣ་འཁོར་རྒྱུག་འདུ་འཛོམས་བྱེད་སྐབས་ཀྱི་རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོ་བྱེད་པའི་ཐད་ལ་ཉམས་མྱོང་མི་ཉུང་བ་བསགས། དེའི་རྨང་གཞིའི་སྟེང་རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་ནས། འཚོ་བའི་ཞབས་ཞུའི་ལས་རིགས་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བས། རིམས་འགོག་གནས་བབ་དང་མཐུན་པར་བྱེད་པ་དང་། རིམས་འགོག་གཏན་འཁེལ་ལྟར་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་ནས། ཚོགས་ཆེན་གཉིས་བདེ་བླག་ངང་འཚོགས་པ་འགན་སྲུང་བྱེད་དགོས་ཟེར།