མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཧང་ཀྲོའུ་ནས་བསྡུས།
2020.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཧང་ཀྲོའུ་རུ་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ལིས་མེན་དང་ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཀྲུའུ་ཚུང་ཅིག་གིས་སོ་སོར་ཤིས་ཚིག་ཕུལ།

ཉིན་དེར། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་འགན་འཁུར་པས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པའི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་ཀྲེ་ཅང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལས་དོན་ངོ་སྤྲོད་བྱས། ཟི་ལིང་། (རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དང་། ཚྭ་འདམ་གཤོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ས་ཁུལ། མཚོ་ཤར་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚོང་འགུག་དྲིལ་བསྒྲགས་འོས་སྦྱོར་བྱས། ཀྲེ་ཅང་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་པ་དང་། ཁེ་ལས་གྲགས་ཅན་གྱི་འཐུས་མི། གསར་ལམ་ཁག་སོ་སོ་བཅས་ཚོགས་འདུར་ཞུགས།

ཝང་ལིས་མེན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་ཁོར་ཡུག དེ་བཞིན་སྐབས་རིམ་བྱུང་གི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་བླངས་པའི་ཕན་འབྲས་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཏེ་བཤད་རྒྱུར། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ནས།  ་“སྒོ་དབྱེ་མཉམ་ལས་ལ་དམིགས་ནས། ལྗང་མདོག་འཕེལ་རྒྱས་བཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ངང་སྤེལ་ནས། སྒོ་དབྱེ་མཉམ་ལས་དང་ལེགས་ཆ་གསབ་རེས། གཉིས་ཕན་མཉམ་རྒྱལ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་ལས་སྟེགས་གཏོད་རྒྱུར་ཤུགས་རྒྱག་དགོས། ཀྲེ་ཅང་ཞིང་ཆེན་ནི་མཚོ་སྔོན་གྱིས་ས་ཁོངས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་གཙོ་གནད་ཞིང་ཆེན་གྱི་གྲས་ཤིག་ཡིན་ལ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་ཁ་གཏད་རོགས་སྐྱོར་ཞིང་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་གཉིས་བར་གྱི་དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་སྤེལ་རེས་དང་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བར་བརྟེན། གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཀྲེ་ཅང་ཞིང་ཆེན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སྐབས་འདིའི་འགྲེམས་ཚོགས་ནང་ཞུགས་རྒྱུའི་གདན་ཞུ་བྱས་ཡོད། དཔལ་འབྱོར་ཉོ་ཚོང་གི་འདུ་ཚོགས་གཟབ་རྒྱས་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་དགོས་ཟེར།

ཀྲུའུ་ཚུང་ཅིག་གིས་ཀྲེ་ཅང་ཕྱོགས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་འཁོར་དང་བཅས་པ་ཀྲེ་ཅང་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཀྲུའུ་ཚུང་ཅིག་གིས་བཤད་རྒྱུར། ད་ལོ་ནི་ཀྲེ་ཅང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། ལོ་མང་པོའི་རིང་། ཀྲེ་ཅང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོ། རྒྱུན་མཐུད་ངང་སྤེལ་རེས་གཏིང་ཟབ་བྱས་ཡོད། འདི་ལོ་མུ་མཐུད་ཚོགས་པ་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སུ་ཞུགས་ནས་ཁྱབ་ཁོངས་སྔར་ལས་ཆེ་བ་དང་། གཏིང་རིམ་སྔར་ལས་ཟབ་པའི་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།