ལིའུ་ཐོ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་བྱ་བར་རྟོག་ཞིབ་བྱས།
2020.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་དེ་སྤྱིའི་བྱེད་ཐབས་དང་སྤྱིའི་སྣེ་ཁྲིད་དུ་བྱེད་པ། ནགས་རྩྭའི་བྱ་བའི་བསམ་ཕྱོགས་ཆེན་པོས་ནགས་རྩྭའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ལིའུ་ཐོ་སོགས་བྱང་རི་ལྗང་བསྒྱུར་ཁུལ་དུ་སོང་ནས། ལྗང་བསྒྱུར་གནས་ཚུལ་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ལྷོ་བྱང་རིའི་ལྗང་བསྒྱུར་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཞིང་ཆེན་ནགས་རྩྭ་ཅུའུ་རུ་སོང་ནས་ནགས་རྩྭའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་འགྲེམ་ཁང་དང་ནགས་རྩྭའི་ཐོན་ཁུངས་གཞི་གྲངས་ཆེན་པོའི་ལྟེ་གནས་གཉིས་ལ་ལྟ་སྐོར་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས། རྟོག་ཞིབ་བྱེད་སྐབས། ཆེད་དུ་བློ་མཐུན་སྐལ་བཟང་གི་ལྷ་བྱང་རིའི་ལྗང་བསྒྱུར་བྱ་བའི་འཚོ་བའི་གནས་རྙིང་དུ་སོང་ནས་སྐལ་བཟང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་པ་དང་། ཡུལ་དངོས་ནས་ལས་བྱེད་མི་སྣས་སྐལ་བཟང་གི་སྙིང་སྟོབས་སྣེ་ཁྲིད་དུ་བྱས་ནས་སྟོབས་ཤུགས་ཡོད་རྒུས་ལྷོ་བྱང་རིའི་ལྗང་བསྒྱུར་བྱ་བ་སྤེལ་རྒྱུའི་རེ་བ་བཏོན། ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཟེར།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཞིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་རྐྱེན་སྲོལ་རང་བཞིན་མཚོ་སྔོན་དང་མཚོ་སྔོན་པོ་རུ་འཛུགས་པ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཆར་གཞི་སྒྲིག་བཟོ་སོགས་བྱ་བར་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་མ་དཔེ་དང་མཚོ་སྔོན་གྱི་ཉམས་མྱོང་སྤྱི་སྡོམ་བྱེད་དགོས། འཛུགས་སྐྲུན་དང་སྲུང་སྐྱོབ། ཕན་འདོགས་སྟེང་ཤུགས་འདོན་པ་དང་། ནགས་རྩྭའི་སྐྱེ་ཁམས་ཐོན་ཁུངས་སྐྱེད་སྲིང་བྱེད་པ། ནགས་རྩྭའི་ཐོན་ཁུངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་བྱས་ནས། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས། བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། བཅོས་སྐྱོང་མ་ལག་གསར་གཏོད་བྱེད་པ། སྐལ་བཟང་གི་སྙིང་སྟོབས་ཚད་གཞི་རུ་བྱེད་པ། ཕུགས་འདུན་ཡིད་རྟོན་སློབ་གསོར་ཤུགས་སྣོན་པ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཧུར་ཐག་གིས་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་ཟེར།