རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་འགོ་བརྩམས།
2020.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 203


ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།

ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།ཐེངས་འདིའི་ཚོགས་ཆེན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྩ་འཛུགས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་རྒྱུ་རེད།

མི་དམངས་ཚོགས་ཁང་ཆེན་མོའི་ཁྲི་ཤོང་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་རྔམ་བརྗིད་ཀྱིས་ཁེངས། ཀྲུའུ་ཞིའི་སྟེགས་བུའི་དཀྱིལ་དུ་བཀལ་བའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་སྟེང་གཟི་འོད་ལྷམ་མེར་འཚེར་ཞིང་། བཀྲག་མདངས་ལྡན་པའི་དར་དམར་བཅུ་དེའི་ལོགས་གཉིས་སུ་བསྒྲིགས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་གུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པ་ཐིར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཏེ། ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་ང་གཅིག་ཡོད་ལ། ཨུ་ཡོན་སྟོང་གཉིས་དང་ང་བདུན་ཚོགས་ཐོག་ཏུ་འབྱོར་བས། གཏན་ཁེལ་གྱི་མི་གྲངས་དང་མཐུན།

ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ཀྲང་ཆིན་ལིས་ཀྱིས་ཚོགས་འདུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས། དེའི་རྗེས་སུ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་དུས་ཡུན་སྐར་མ་གཅིག་གི་རིང་མྱ་ངན་ཞུས།

ཚོགས་འདུའི་སྟེང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡང་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་བའི་འགན་འཁྲི་འོས་འགན་དང་། རྩ་བའི་བླང་བྱ། གཙོ་ཤུགས་འདོན་ས་བཅས་རྒྱས་བཤད་གནད་ཕིགས་མཛད་པ་དང་། མི་དམངས་སྲིད་གྲོས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་བར་གྱི་ནང་གནས་འབྲེལ་འདྲིས་གསལ་བཤད་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད་ཟེར།

ཝང་དབྱང་གིས་འདས་པའི་ལོ་གཅིག་ལྷག་རིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བ་སྤྱི་སྡོམ་མཛད། ཁོང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་སྤེལ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་གྱིས་སྐུལ་སྤེལ་བྱས་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་བཟང་པོར་སྤེལ་བ་སོགས་ཀྱི་ལས་འགན་ལ་དམིགས་ནས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། འགན་ནུས་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་གསར་པ་བཞག་ཡོད། ཉེ་ལམ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ཁྲོད་དུ། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་། ཁོངས་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་ཨུ་ཡོན་བཅས་སྐུལ་སློང་བྱས་ནས་རིམས་ནད་འགོག་སྡོམ་གྱི་འཐབ་རྩོད་ཁྲོད་ཞུགས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སོ་སོའི་ལས་གནས་སྟེང་བྱ་སྤྱོད་དངོས་ལས་ལས་འགན་ཁག་ཁུར་མཚོན་པར་བྱས་ཟེར།

ཝང་དབྱང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཡིན། མི་དམངས་སྲིད་གྲོས་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་དོན་འཁྱོལ་བྱེད་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་དམ་པོས་ཕན་ཚུན་འབྲེལ་འདྲིས་བྱེད་རྒྱུ་རྒྱུན་འཁྱོངས། བློ་འདོན་ཇུས་འབུལ་དང་ལྟ་བ་གཅིག་སྡུད་ཀྱི་ཕྱོགས་གཉིས་ལ་ཤུགས་འདོན་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་པ། མི་དམངས་སྲིད་གྲོས་སུ་ཞུགས་པའི་ཏང་ཁག་སོ་སོ་དང་རིགས་སོ་སོ། ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་དང་སྐུལ་སློང་རྒྱ་ཆེར་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་གཅིག་གྱུར་གྱིས་སྤེལ་བའི་འགན་ནུས་ལེགས་པོར་སྒྲུབ་པ་དང་སེམས་ཤུགས་གཅིག་སྡུད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་བྱས་རྗེས་འཇོག་རྒྱུ་དེ་ཡིན་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པར་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་གྱིས་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་མི་དམངས་སྲིད་གྲོས་ཀྱི་བྱ་བ་གཙོ་བོར་བཀོད་སྒྲིག་གནང་ཡོད་པས། ངེས་པར་དུ་དེ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་མུ་མཐུད་དམ་འཛིན་བཟང་པོ་བྱེད་པ་དང་། རྩ་བ་དང་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་གཙིགས་འཛིན་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྲུན་གོ་རིམ་དང་ཕན་ནུས་ལྡན་པར་སྤེལ་བ། ལྟ་བ་གཅིག་སྡུད་ཀྱི་བྱ་བ་ཟབ་ཅིང་བཟང་པོར་སྒྲུབ་པ། ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བཟང་པོ་བྱེད་པ་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་གོང་འཕེལ་བཟང་པོ་གཏོང་དགོས་ཟེར།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་གིས་ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཁོངས་སུ་ཞུགས་པའི་ལས་ཁུངས་སོ་སོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་གྲོས་གཞི་སྟོང་ལྔ་དང་བཞི་བརྒྱ་གྱ་བརྒྱད་བཏོན་པ་དང་། དེ་ལས་གྲོས་གཞི་སྟོང་བཞི་དང་གྱ་དགུ་ཐོ་འགོད་བྱས་ཏེ། ལས་ཁུངས་བརྒྱ་དང་དོན་ལྔར་བསྒྲུབ་ཏུ་བཅུག་པ་དང་། ཚང་མ་དུས་ལྟར་བསྒྲུབས་ཡོད།

ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་འགོ་ཁྲིད་བློ་མཐུན་གྱི་ཁྲོད་དུ་ད་དུང་ཏེན་ཞུའེ་ཞང་དང་ཝང་ཁྲིན། ལིའུ་ཧི། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚའེ་ཆི། ཡུག་ཆོན། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཨེ་ལེ་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པདྨ་འཕྲིན་ལས། ཏེན་ཀྲུང་ལིས། ཧོ་མེན་ཅིན། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གདན་དྲངས་པ་ལྟར་ཚོགས་འདུར་ཟུར་ཞུགས་བྱས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།