​སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་གྲ་སྒྲིག་གྲོས་ཚོགས་བསྡུས།
2020.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།


སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཚོགས་ཐོག་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་བདམས་ཐོན་བྱུང་བ་དང་། བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་།

ལིས་ཀྲན་ཧྲུའུ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་འཚོགས་རྒྱུ་དང་ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས་པ་ཁྱབ་སྒྲོག་མཛད།

གྲ་སྒྲིག་གྲོས་ཚོགས་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་བདམས་ཐོན་བྱུང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་མི་བརྒྱ་དང་དོན་བཞི་ལས་གྲུབ་པ་དང་ཝང་ཁྲིན་གྱིས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོའི་འགན་འཁུར་ཡོད།

བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་གྲོས་འཆམ་བྱུང་བའི་གྲོས་ཚོགས་ཀྱི་གྲོས་རིམ་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱེད་བྱེད་རྒྱུ་དང་། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་དང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱེད་རྒྱུ། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་དང་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱེད་རྒྱུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱེད་རྒྱུ་རེད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་ལ་ད་ལྟ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ང་དྲུག་ཡོད། ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་བར་ཚོགས་ཆེན་དྲུང་ཡིག་ཁྲུའུ་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དང་གཉིས་ཀྱིས་མིང་ཐོ་བཀོད། ཚེས་ཉེར་གཅིག་ཉིན་ཚོགས་པའི་གྲ་སྒྲིག་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་བརྒྱད་བརྒྱ་གྱ་དགུ་ཞུགས་པ་དང་། ཞུགས་པའི་མི་གྲངས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡའོ་ཡའོ། ཅི་པེན་ཞོན། ཨེ་ལིས་ཀུན་དབྱི་མེན་པ་ཧེ། ཝན་ཨུ་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏང་ཧྥིན། ཝུའུ་ཝེ་ཧྭ། དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས།