ཨུ་ཡོན་རིན་ཆེན་རྒྱལ་གྱིས་ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞིའི་དུས་སྐབས་སྔོན་གྱི་བྱ་བ་སྔ་མོ་ནས་བསྒྲུབ་འགོ་བརྩམ་དགོས་པའི་གྲོས་གཞི་བཏོན།
2020.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རིན་ཆེན་རྒྱལ་གྱིས་ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞིའི་དུས་སྐབས་སྔོན་གྱི་བྱ་བ་སྔ་མོ་ནས་བསྒྲུབ་འགོ་བརྩམ་དགོས་པའི་གྲོས་གཞི་བཏོན།

རིན་ཆེན་རྒྱལ་གྱིས་བཤད་དོན། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་རེ་བ་དང་མཐུན་པར་བྱེད་ཆེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡིས་བོད་ཁུལ་གྱི་ལྕགས་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་ནང་བཞག་སྟེ་ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞིའི་དུས་སྐབས་སྔོན་གྱི་བྱ་བ་སྔ་མོ་ནས་བསྒྲུབ་འགོ་བརྩམ་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ་འཛུགས་སྐྲུན་བྱེད་དགོས་ཟེར།