མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས།
2020.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅུ་བདུན་པོ་ཚང་མ་རང་སོ་སོའི་ཁྱབ་ཁོངས་ཀྱི་གྲོས་སྡུར་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ། མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་ནན་ཏན་བྱས།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར།  སྲིད་གཞུང་བྱ་བའི་སྙན་ཞུའི་ ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ནན་ཏན་བྱས་པ་དང་། མིག་སྔའི་སྤྱི་ཚོགས་ཀྱི་གོང་འོག་བར་གསུམ་དང་མི་དམངས་མང་ཚོགས་ཀྱི་དོ་ཁུར་ཟབ་མོ་རབ་དང་རིམ་པར་ཕྱོགས་ཡོངས་ནས་ཨ་ལན་ཁ་གསལ་བཏབ་ཡོད། དམིགས་འབེན་དང་ལས་འགན་ཧུར་བརྩོན་བརྟན་འཇགས་ཡིན་པ་དང་། བསམ་ཕྱོགས་དང་བྱེད་ཐབས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཡིན་པས། དེ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་འགན་འཁྲི་འཁུར་སེམས་ཀྱིས་ཁེངས་པ། ཁྱོན་ཡོངས་ནས་ཡིད་ཆེས་ཆེར་སྐྱེད་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། སྲིད་གཞུང་བྱ་བའི་སྙན་ཞུར་ཉན་པ་ལས་ང་ལ་མངོན་གསལ་དོད་པའི་མྱོང་ཚོར་ཁག་གསུམ་ཡོད་པ་སྟེ། གཅིག་ནི་སྙན་ཞུའི་ནང་འཐབ་ཇུས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བར་མངོན་གསལ་དོད་པའི་ངང་གླེང་ཡོད་ཅིང་། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ཁག་བློ་བརྟན་འགྱུར་མེད་ངང་ཡག་པོ་བསྒྲུབ་དགོས་པར་ནན་བཤད་བྱས་ཡོད་པ་དེའི་ཐོག་ནས། རང་རེའི་ཏང་གི་མི་དམངས་མང་ཚོགས་ཀྱི་ཆེད་དུ་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་བརྩེ་སེམས་དང་དམིགས་ཡུལ་མ་འགྲུབ་བར་དུ་མཚམས་མི་འཇོག་པའི་དད་སེམས་བརྟན་པོ་གང་ལེགས་མངོན་ཡོད། གཉིས་ནི་སྙན་ཞུའི་ནང་དུས་བབ་ལ་ཚོད་དཔག་ཡང་དག་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་དུས་ཐོག་ཏུ་འདོན་རྒྱུ་དམིགས་ཀྱིས་གླེང་ཡོད་པས། དེས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མིག་སྔའི་དཀའ་གནད་ལས་སྒྲོལ་བ་དང་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་རྒྱ་ཁྱབ་ཏུ་ཐོབ་ཡོད། གསུམ་ནི་སྙན་ཞུའི་ནང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་ཧུར་བརྩོན་གྱིས་ལེགས་པར་བསྒྲུབ་དགོས་ཚུལ་ནན་བཤད་བྱས་ཡོད། གཞི་རྩའི་དམངས་འཚོའི་ཡོང་འབབ་འཕར་སྣོན་ལས་ཉུང་འཕྲི་མི་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་འགྲོ་སོང་ལ་འགན་སྲུང་ཏན་ཏིག་བྱས་ཡོད་ཅིང་། དེས་གུང་ཁྲན་ཏང་མིའི་རྒྱལ་སྐྱོང་སྲིད་གཉེར་གྱི་རིན་ཐང་དོན་གཉེར་དང་། མི་དམངས་ཀྱི་ཁེ་ཕན་ཡོད་ཚད་ལས་ལྷག་པའི་དམིགས་ཡུལ་གྱི་འདུ་ཤེས་མཚོན་ཡོད། ངས་མུ་མཐུད་དུ་སྲིད་གྲོས་ཀྱི་འབྲེལ་གཏུག་ཁྱབ་རྒྱ་ཆེ་བའི་དགེ་མཚན་འདོན་སྤེལ་དང་སྙན་ཞུའི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ། ངོས་འཛིན་གཅིག་མཐུན་ཡོང་བ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་བའི་ལས་ཀ་ནན་ཏན་གྱིས་ལེགས་པར་བསྒྲུབ་རྒྱུ་ཡིན་ཟེར།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་ནན་བཤད་གནང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་དགོས་ཚུལ་བཤད་ཡོད།  ལས་སྒྲུབ་ལས་སྐྲུན་གྱི་དངོས་སྒྲུབ་འགན་འཁུར་མངོན་པར་བྱས་ཏེ། སྙན་ཞུའི་བརྗོད་དོན་འབུར་ཐོན་དང་བྱེད་ཐབས་དོན་དངོས་དང་མཐུན་པར་མ་ཟད། ཡིག་འབྲུ་རེ་རེའི་ནང་དམངས་ལ་འཆང་བའི་བརྩེ་སེམས་དང་དོ་ཁུར་གྱི་འདུ་ཤེས། ཚད་མཐའི་བསམ་གཞིགས་བཅས་ཤུགས་དྲག་པོ་མངོན་ཡོད་པས། དེ་ནི་དངོས་ཐོག་བདེན་འཚོལ་དང་འགྲན་སློང་ལ་ཐད་ཀར་གདོང་གཏོད་པ། ཡིད་ཆེས་བརྒྱུད་སྤྲོད་བྱེད་པ། ཡར་རྒྱས་བརྩོན་ལེན་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། ང་ཚོས“བརྟན་འཇགས་དྲུག”དང་“འགན་སྲུང་དྲུག”གི་ལས་ཀའི་བླང་བྱར་དམ་པོར་དམིགས་དགོས། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཏོན་པའི་སྲིད་ཇུས་ཀྱི་གོ་སྐབས་ཡག་པོ་སྤྱད་དེ། དམ་པ་དོན་གཉེར་དང་འབད་འཐབ་ཡར་བརྩོན་གྱིས་མཚོ་སྔོན་གྱི་དུས་རབས་གསར་པའི་ལས་དོན་གྱི་རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས། ཏང་དང་མི་དམངས་ཀྱི་འདོད་བློ་ཚིམ་པའི་བྱས་རྗེས་འཇོག་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།

住青全国政协委员认真讨论政府工作报告

青海新闻网·大美青海客户端讯 5月23日,出席全国政协十三届三次会议的17名住青全国政协委员,分别在各自界别参加小组会议,认真讨论政府工作报告。

多杰热旦委员说,政府工作报告认真贯彻了习近平新时代中国特色社会主义思想,全面回应了当前社会上下和人民群众的一系列深刻关切,目标任务积极稳妥、思路举措切实可行,是一个政治站位高、充满责任担当、全面提振信心的好报告。突出的体会有三点:一是报告强化战略定力,强调坚定不移完成好打赢脱贫攻坚、决胜全面建成小康社会各项目标任务,充分彰显了我们党执政为民的政治情怀和不达目的决不罢休的坚定信念。二是报告准确判断和把握形势,适时推出扩大内需战略,强化宏观调控力度,为渡过当前难关、稳定经济运行注入了强大动力,深得社会广泛认同和支持。三是报告强调把群众关切的事情努力办好,做到基本民生支出只增不减,重点领域支出要切实保障,体现了共产党人治国理政的价值追求和人民利益高于一切的宗旨意识。表示将发挥政协联系广泛的优势,深入宣传报告精神,认真做好凝聚共识、增进团结的工作。

公保扎西委员说,李克强总理所作的政府工作报告强调稳中求进工作总基调,贯彻落实新发展理念,展现干事创业的实干担当,重点突出、举措务实,字里行间透着强烈的为民情怀、忧患意识和底线思维,是一份实事求是、直面挑战、传递信心、催人奋进的好报告。我们将紧扣“六稳”“六保”的工作要求,用好政府工作报告中蕴含的政策机遇,真抓实干,奋斗进取,以青海新时代工作的新气象新作为,努力交出一份令党和人民满意的答卷。