ཧན་ཀྲིན་ཞང་ཀང་དང་ཨོ་མིན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས།
2020.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་གྱི་སྡ་དྲོར་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཚོས་གཏམ་བཤད་ལ་ཉན་རྗེས། ཧན་ཀྲིན་གྱིས་བསྟན་དོན། ཞང་ཀང་དང་ཨོ་ཡིན་གཉིས་མེས་རྒྱལ་གྱི་པང་དུ་ལོག་པའི་ཚུན་དུ། རྒྱལ་ཁབ་གཉིས་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ཐད་ནས་འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་གྲུབ་འབྲས་བླངས་པ་དང་། ཀྲུང་དབྱང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ནམ་ཡང་འགྱུར་མེད་པ་དང་། ཞང་ཀང་དང་ཨོ་མིན་དར་རྒྱས་གཏན་འཇགས་དང་ཞང་ཀང་དང་ཨོ་མིན་སྤུན་ཟླའི་བདེ་སྐྱིད་ཐད་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་ཡོད། རྒྱལ་ཁབ་ཀྱི་ངོས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་ནི། ཀྲུང་དབྱང་གིས་ཞང་ཀང་གི་གནས་བབ་རྨང་གཞིར་བཟུང་ནས་བཏོན་པའི་ཇུས་ཆོད་གལ་ཆེན་ཡིན། ཞང་ཀང་རང་ཚུགས་བྱེད་པ་དང་ནག་པོའི་འཇིགས་སྐུལ་སོགས་ཀྱི་གྲངས་ཉུང་མི་སྣར་ཁྲིམས་ལྟར་ཆད་གཅོད་ནན་མོ་བྱེད་པ། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ནི་ཞང་ཀང་གི་སྡོད་དམངས་མང་ཆེ་ཤས་ཀྱི་ཁྲིམས་མཐུན་ཁེ་དབང་དང་རང་སྟེང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། ཞང་ཀང་གི་ཡུན་སྐྱོང་བདེ་འགོད་དང་དར་རྒྱས་གཏན་འཇགས་ལ་འགན་སྲུང་བྱེད་པའི་ཆེད་ཡིན་ཟེར། ཧན་ཀྲིན་གྱིས་ཨུ་ཡོན་ཚོས་རང་འགན་ལག་བསྟར་ནན་མོ་བྱེད་པ་དང་ཁག་ཁུར་བྱེད་ཕོད་པར་བྱས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་བཟང་བོ་མུ་མཐུད་དུ་ཡང་དག་པའི་ལམ་བུ་བརྒྱུད་དེ་གཏན་འཇགས་ངང་ཡུན་རིང་བོར་བསྐྱོད་པའི་ཐད་བྱས་རྗེས་སྔར་ལས་ཆེན་འཇོག་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།