ཞི་ཅིན་ཕིང་ཧུའུ་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2020.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཧུའུ་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཚོགས་ཐོག་ནས་ལོ་ཅེ་དང་ཀྲང་ཝན་ཞི། སུན་ཆིན་ལིས་སོགས་འཐུས་མི་ལྔ་ཡིས་སོ་སོར་སྤྱི་ཐུན་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དངོས་ཕུང་དཔལ་འབྱོར་གྱི་རོགས་སྐྱོར་ནུས་པ་ཇེ་ཆེར་གཏོང་བ། གྲོང་གསེབ་གཞི་རིམ་གྱི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དབུལ་ཕོངས་རི་ཁུལ་གྱི་འགྲིམ་འགྲུལ་ཆེན་མོའི་འཛུགས་སྐྲུན་དང་དབུལ་ཐར་ཐོན་ལས་འཕེལ་རྒྱས། རིམས་འགོག་ལས་ཀྲུང་གོའི་ལམ་ལུགས་ཀྱི་ཁྱད་སྟོབས་མངོན་པ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་སྤེལ། ཞི་ཅིན་ཕིང་གིས་འཐུས་མི་རྣམས་ཀྱི་བསམ་འཆར་ལ་ནན་ཏན་སྒོས་ཉན་རྗེས་གསུང་བཤད་གནང་། ཁོང་གིས་ཐོག་མར་ཧུའུ་པེ་མི་དམངས་དང་ཝུའུ་ཧན་མི་དམངས་ཀྱིས་རིམས་འགོག་འགོག་ཐད་ལ་བྱས་རྗེས་གལ་ཆེན་བཞག ཝུའུ་ཧན་ནི་ངོ་གནོང་མི་དགོས་པའི་དཔའ་བོའི་གྲོང་ཁྱེར་ཡིན་པ་དང་ཧུའུ་པེ་མི་དམངས་དང་ཝུའུ་ཧན་མི་དམངས་ནི་ངོ་གནོང་མི་དགོས་པའི་དཔའ་བོའི་མི་དམངས་ཡིན་པའི་ཚུལ་བསྟན། ཁོང་གིས་ད་དུང་འདིར་བཞུགས་ཀྱི་བློ་མཐུན་དང་ཝུའུ་པེ་ཡི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་དང་བཀའ་དྲིན་ཆེ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཡོངས་སུ་རིམས་ནད་ཚབས་ཆེ་ཞིང་དོ་དམ་དང་ཚོད་འཛིན་དུས་ཡུན་ཆེས་རིང་བའི་ཞིང་ཆེན་ཡིན་པའི་ཧུའུ་པེ་ཡི་དཔལ་འབྱོར་དེ་ཅུང་ཆེ་བའི་དཀའ་ཁག་དང་འཕྲད་ཡོད། དེ་དང་མཉམ་དུ་ཧུའུ་པེ་ཡི་དཔལ་འབྱོར་ཡུན་རིང་ལ་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་འགྱུར་མེད་ལ། ལོ་མང་པོར་བསགས་པའི་ཕྱོགས་བསྡུས་ཁྱད་སྟོབས་འགྱུར་མེད་པ་དང་། རྒྱལ་ཁབ་དང་ཁུལ་ཁོངས་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་གལ་ཆེན་ཡང་འགྱུར་མེད། ཏང་ཀྲུང་དབྱང་གིས་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པར་ཞིབ་འཇུགས་བྱས་ཏེ་གཏན་ལ་ཕབ། ཧུའུ་པེ་ཡི་བློ་མཐུན་རྣམས་ཀྱིས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་སྟེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་དང་འབད་འཐབ་ཀྱིས་བྱ་སྤྱོད་སྤེལ་ཞིང་རྒྱ་ཆེའི་ལས་བྱེད་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་གང་ལེགས་སྒོས་སྐུལ་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་པར་མ་ཟད་ཧུའུ་པེ་ཞིང་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།