དབྱང་ཧྥུན་ཁྲུན་གྱིས་སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་མི་རིགས་ཆོས་ལུགས་སྡེ་ཁག་གི་འཐུས་མིར་མཚམས་འདྲི་མཛད།
2020.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་བཅུ་ལྷག་གི་སྲོལ་རྒྱུན་དུས་ཆེན་དེ་སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་མི་རིགས་ཆོས་ལུགས་སྡེ་ཁག་གི་འཐུས་མིར་ཐུག་འཕྲད་མཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་དུས་ཆེན་གྱི་མཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

དབྱང་ཧྥུན་ཁྲུན་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མེན་ཧི་ཧོས་རིགས་རང་སྐྱོང་རྫོང་། ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་སོགས་ཀྱི་མུའུ་སི་ལིན་དགོན་པར་སོང་ནས་མཚམས་འདྲི་དང་། སྨྱུང་གྲོལ་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོང་གིས་མི་རིགས་ཆོས་ལུགས་སྡེ་ཁག་གི་འཐུས་མིས་ཏང་དང་སྲིད་གཞུང་དང་ཆོས་དད་མང་ཚོགས་ཀྱི་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་ཁས་ལེན་བླ་མེད་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། སྤྱི་ཚོགས་རང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་དངོས་འབེབས་དང་དར་སྤེལ་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རང་ལུགས་སྤྱི་ཚོགས་མཐུན་སྒྲིལ་དམ་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཀྱི་ཕྱོགས་ལ་བྱས་རྗེས་ཧུར་ཐག་འཇོག་དགོས་ཟེར།

དབྱང་ཧྥུན་ཁྲུན་གྱིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དམག་འཐབ་ཁྲོད་དུ། མི་རིགས་ཆོས་ལུགས་སྡེ་ཁག་གི་མི་སྣས་ཧུར་ཐག་གིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ཏེ། ཆོས་ལུགས་རང་སྟེང་གི་བཟང་ཆ་འདོན་སྤེལ་དང་། ཆོས་དད་མང་ཚོགས་ལ་དྲིལ་སྒྲོག་སྣེ་ཁྲིད་དང་སེམས་ཁམས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་བྱས་ནས། ཞིང་ཆེན་ཡོངས་ཀྱིས་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་ནུས་པ་བླ་ལྷག་བཏོན། རྒྱ་ཆེའི་ཧེ་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་རང་འགུལ་ངང་རྒྱུན་རྣམ་ཅན་གྱི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་འཚམ་པར་བྱས་ཏེ། སྤྲོ་སྐྱིད་དང་བདེ་འཇགས་ཀྱི་དུས་ཆེན་ཞིག་རོལ་ཐུབ་པའི་རེ་བ་ཡོད་ཅེས་བཤད།

མི་རིགས་ཆོས་ལུགས་སྡེ་ཁག་གི་འཐུས་མིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བླ་མེད་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུས་པ་མ་ཟད། ཏང་དང་སྲིད་གཞུང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བའི་ཚུལ་བསྟན་ནས།།  ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ཡོངས་བར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།