རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་བརྙན་རིས་གྲོས་ཚོགས་བསྡུས།
2020.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་བརྙན་རིས་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ནས་ཨུ་ཡོན་བཅུ་གཉིས་ཀྱིས་གཏམ་བཤད།  རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སུ་གྲོས་ཚོགས་ཀྱི་ཚོགས་ར་གཙོ་བོ་བཙུགས་པ་དང་ཨུ་ཡོན་སྡོད་གནས་སུ་ཡན་ལག་ཚོགས་ར་བཙུགས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་ཚོགས་འདུར་ཞུགས་ནས་གཏམ་བཤད་ལ་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིག་ཆི་པོ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མ་པེའོ། ཁྲིན་ཞོ་ཀོང་། ལེང་ཀྲིན་དབྱིན། དབྱང་ཁྲོན་ཐང་། ལིས་པེན། པ་ཐིར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ལིག་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧོང་། ཀའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲིན་ཙུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་ཨུ་ཡོན་ཧོང་ལུའུ་ཆི་ཡིས་བཤད་དོན། ལག་ལེན་དངོས་ལས་ཀྲུང་ལུགས་སྨན་རྫས་ཀྱིས་རིམས་འགོག་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པ་བདེན་དཔང་བྱས་ཡོད་ཟེར། ཁོས་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་མཉམ་ལས་བྱེད་པའི་རིམས་འགོག་ནུས་ལྡན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཀྲུང་ལུགས་སྨན་རྫས་ཀྱི་ཆེད་མཁས་པ་དང་ལེན་བྱས་ནས་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་རིམས་ནད་འགོག་བཅོས་ཁྲོད་དུ་ཞུགས་པའི་ཐབས་ཇུས་དང་ཇུས་གཞི་གཏན་འཁེལ་བྱེད་པ་དང་། ཀྲུང་ལུགས་སྨན་རྫས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པར་མ་ཟད། དོན་དངོས་དང་སྦྲེལ་ཏེ་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་མཉམ་སྦྲེལ་སྒོས་འགོས་ནད་འགོག་བཅོས་བྱེད་པའི་སྟེགས་བུ་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ལོ་ཀྲི་ཅུན་གྱིས་བཤད་དོན།  ཕྱི་རྒྱལ་དང་རྒྱལ་ནང་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་འོག ཞིང་བ་ཞོར་ལས་པ་ལས་ཞུགས་བྱེད་པར་དཀའ་ཁག་གང་མང་དང་འཕྲད། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཀྱི་གནས་བབ་གསར་བ་གསལ་བོར་ཤེས་པར་བྱས་ཏེ། ཐོན་ལས་ལ་བརྟེན་ནས་ལས་ཞུགས་བརྟན་འཇགས་སུ་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་ཡོངས་དང་རོགས་ལས་བྱས་ནས་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་གཅིག་གྱུར་གྱི་མི་ཤུགས་ཐོན་ཁུངས་ཚོང་རའི་མ་ལག་དང་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་དགོས་པར་མ་ཟད། ཚན་རྩལ་གསར་བ་དང་ལས་གནས་གསར་བ་གསོ་སྦྱོང་བྱེད་དགོས། ཞབས་ཕྱི་ལ་བརྟེན་ནས་ལས་ཞུགས་ལ་འགན་སྲུང་བྱེད་པ་དང་། རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་ཐོན་ལས་དང་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བར་མ་ཟད། ཡང་བསྐྱར་དབུལ་ཕོངས་སུ་གྱུར་བའི་ཞིང་བ་མང་ཚོགས་རོགས་སྐྱོར་བྱེད་ཡུལ་དུ་འཇོག་དགོས་ཟེར།

ཚོགས་ཐོག་ནས་ད་དུང་ཨུ་ཡོན་ཁྲིན་ཧོང་དང་ཀྲིག་ཧན་མེན་སོགས་ཀྱིས་ལས་ཁུངས་རང་དང་ས་གནས་རང་གི་དོན་དངོས་དང་སྦྲེལ་ནས་གྲོས་གཞི་བཏོན།