མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
2020.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་དང་ལིའུ་ཉིང་། ཀྲང་ཀོང་རོང་། ཐིན་ཅཱ་ཚེ་སོགས་འཐུས་མིས་གཏམ་བཤད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡི་ནང་དོན་གཏིབ་ཟབ་ལ། སྙན་ཞུའི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་པར་བྱས་ཡོད། སྙན་ཞུས་ལོ་གཅིག་རིང་གི་ཕྱོགས་དྲུག་ཐད་ཀྱི་བྱ་བ་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བཀོད་སྒྲིག་གི་བྱ་བ་གལ་ཆེན་ཡིན་པ་སྤྱི་སྡོམ་བྱས། སྙན་ཞུ་ཡིས་སྲིད་དོན་གལ་ཆེན་ལ་ཞབས་འདེགས་ཞུ་བར་དམིགས་ནས། ད་ལོའི་བྱ་བའི་ཐད་ནས་དམིགས་པ་གསུམ་གྱི་བཀོད་སྒྲིག་བཏོན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་ལ་ཞབས་འདེགས་ཞུ་བའི་བཀོད་སྒྲིག་ཡིན། སྙན་ཞུ་ཡིས་ཚོགས་ཆེན་ལ་དམིགས་ནས་ཚང་མར་སྣེ་ཁྲིད་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པའི་ལག་ལེན་གལ་ཆེན་མངོན་པར་བྱས་ཡོད། ཚོགས་ཆེན་གྱིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་ལྟར་ཧུར་ཐག་གིས་དུས་རབས་གསར་བའི་དམངས་ཆེན་བྱ་བའི་རྣམ་པ་གསར་བ་བསྐྲུན་པར་སྣེ་ཁྲིད་བྱས་ཡོད་པ་དང་། དེ་ནི་དུས་རབས་གསར་བའི་དམངས་ཆེན་བྱ་བའི་ཐད་ཀྱི་ངོས་ཟིན་དང་བྱེད་ཐབས། ལག་ལེན་ཡིན། ང་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་བྱ་བའི་རེ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། དྲང་བདེན་འཛིན་སྐྱོང་དང་གསར་བ་གསར་སྐྲུན་དང་བབ་བསྟུན་མདུན་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཁྲིམས་འཛུགས་དང་ལྟ་སྐུལ། གྲོས་གཞི། རང་སྟེང་འཛུགས་སྐྲུན་སོགས་བྱ་བ་ཐད་ནས་རྒྱལ་ཡོངས་ན་གོ་གནས་ཡོད་པ་དང་། མཐོ་སྒང་གི་བུ་དང་བུ་མོའི་ཁག་ཁུར་འབད་འཐབ་མངོན་པར་བྱས་ཡོད། ཚོགས་ཆེན་གྲོལ་རྗེས། མཚོ་སྔོན་གྱིས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ཡིན་ཟེར།

ལིའུ་ཉིང་གིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སྐབས་བཅུ་གསུམ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱས་པ་དང་། དར་ཆ་མཐོན་པོར་སྒྲེང་ནས་སྲོག་ཤིང་ལ་སྲུང་སྐྱོབ་བྱས་ཤིང་། ཁྲིམས་འཛུགས་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ཁྲིམས་ལྟར་འཕེལ་རྒྱས་ལ་ལྟ་སྐུལ་དང་འགན་སྲུང་བྱས་ལ། ལམ་ལུགས་རྐྱེན་སྲོལ་གསར་གཏོད་དང་འཐུས་ཚང་དུ་བཏང་སྟེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ལྷག་པར་དུ་རིམས་ནད་འགོག་སྡོམ་དང་རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོ་ལ་སྲུང་སྐྱོབ་བྱས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་འཛུགས་ལ་མྱུར་དུ་བཟོ་བཅོས་བྱས་ལ། ལེགས་བསྡུས་ཕན་མཐོ་སྒོས་གྲོས་ཚོགས་ལ་རྩ་འཛུགས་བྱས་ཏེ། མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་གཙོར་འཛིན་པའི་འདུ་ཤེས་དང་ཁག་ཁུར། བདེན་འཚོལ་དངོས་གཉེར་གྱི་རྣམ་འགྱུར་མངོན་པར་བྱས་ཡོད། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱས་པ་མཚོན་པར་བྱས་ཡོད་ལ། དུས་རབས་ཀྱི་ཁྱད་ཆོས་མངོན་པ་དང་ལམ་ལུགས་རང་རྟོན་ཡོད་པ། དམངས་གཙོ་ཁྲིམས་སྐྱོང་མངོན་པ། མི་དམངས་བསམ་པ་བཅས་ཀྱི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་རང་དེར་ཧ་ཅང་མོས་མཐུན་ཡོད་ཟེར།

ཀྲང་ཀོང་རོང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བྱ་བའི་སྙན་ཞུ་ཡིས་ཆབ་སྲིད་གླེང་བ་དང་ཁྲིམས་སྐྱོང་ལ་དོ་སྣང་བྱས་ཤིང་། མི་དམངས་གཙོ་གཞི་ལ་མཐོང་ཆེན་དང་དངོས་གཉེར་གསར་གཏོད་མངོན་པར་བྱས་ཡོད་པས། ང་རང་ཧ་ཅང་མོས་མཐུན་ཡིན། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་དམངས་ཆེན་ལམ་ལུགས་དང་འབྲེལ་བའི་དགོངས་པ་གལ་ཆེན་སྣེ་ཁྲིད་དུ་བཟུང་ནས། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རེ་བ་གསར་བ་དང་མཐུན་པར་བྱས་པ་དང་། ཧུར་ཐག་གིས་ཁྲིམས་འཛུགས་བྱ་བ་གསར་གཏོད་བྱས་ལ། ལྟ་སྐུལ་ལ་ཤུགས་བསྣན་པ་མ་ཟད། འཐུས་མིའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་ཕྱི་ཕྱོགས་འགྲོ་འོང་རྒྱ་བསྐྱེད་ལ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆབ་སྲིད་རང་རྟོགས་མཐོན་པོ་དང་འགན་འཁྲི་འདུ་ཤེས་དྲག་པོ། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ། གསར་གཏོད་སྙིང་སྟོབས་དང་དངོས་གཉེར་ཀྱི་རེ་བ་གསར་བ་མངོན་པར་བྱས་ཡོད་ལ། དམངས་ཆེན་ལམ་ལུགས་ཀྱི་ལག་ལེན་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཟེར།

ཐིན་ཅཱ་ཚེ་ཡིས་བཤད་རྒྱུར། སྙན་ཞུ་ནི་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། ལས་སྒོ་རང་བཞིན། དུས་རབས་རང་བཞིན་བཅས་མཉམ་བསྲེས་མཉམ་འདྲེས་བྱས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་ལ། དུས་རབས་གསར་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་དུས་རབས་ཀྱི་ཁྱད་ཆོས་དང་མངོན་པར་བྱས་ཡོད། ང་རང་ཧ་ཅང་འཐད་པ་ཡིན་ཟེར།

ཧན་ཞོ་ཝུའུ་དང་ཁྲིན་ལིས་ཧྥུན། མིན་ཧའེ། པད་རྒྱལ་བཀྲ་ཤིས། ཁུང་ཆེན་ཅུའུ། ཀྲང་ཡུང་ལིས། མཱ་དབྱི་སི་ཧྥུའུ་བཅས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད་དེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་མཐའ་གཅིག་ཏུ་མོས་མཐུན་ཡིན་པའི་ཚུལ་བསྟན།