མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། དམང་དོན་ཁྲིམས་གཞུང་འཆར་ཟིན་བཅས་ལ་གྲོས་སྡུར་བྱས།
2020.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ལས་རིགས་ཁག་གི་ཚན་ཆུང་གྲོས་ཚོགས་ལ་ཞུགས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། དམང་དོན་ཁྲིམས་གཞུང་འཆར་ཟིན་བཅས་ལ་གྲོས་སྡུར་བྱས།

ཚོགས་ཐོག་ནས་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་གཞི་རིམ་བྱ་བའི་མཛུབ་སྟོན་ལ་སྔར་ལས་ཤུགས་སྣོན་ཞིང་མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་སྐྱེད་སྲིང་བྱེད་པར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་དང་། གཞི་རིམ་ཁྲིམས་འཛིན་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བར་ཡིད་འཇོག་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། ལོ་གཅིག་གི་རིང་ལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་སྤྱི་ཐུན་ཁེ་ཕན། དོ་བདག་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ལྷག་པར་དུ་རྒྱུན་མཐུད་སྒོས་ནར་མ་སོན་པའི་བྱིས་པ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་པ་དང་རིམས་འགོག་ཁྲོད་དུ་རང་འགུལ་སྒོས་བྱ་སྤྱོད་སྤེལ་བར་མ་ཟད། ཁྲིམས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་དུ་ནུས་པ་གལ་ཆེན་བཏོན་ཟེར།

ཨུ་ཡོན་རྣམས་ཀྱིས་བལྟས་ན། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱས་པ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་གི་གཞི་རྩ་བརྟན་ཞིང་སྔོན་དཔག་དུས་སྐབས་བརྟན་འཇགས་ཡིན་པ་དང་ཡུན་རིང་ལ་ཕན་འབྲས་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་སྙམ།