སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་གྲོལ།
2020.05.29 ཁུངས། ཀློག་གྲངས། 6

ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་། ཝང་ཆི་ཧྲན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད། 

ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།

ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མཇུག་བསྡུའི་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཚོགས་ཆེན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་བཀོད། ཚོགས་ཆེན་ཐོག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྱིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་ཞེ་ལྔ་པའི་མིང་བཀོད་ནས་བཅའ་ཁྲིམས་དེ་ཁྱབ་བསྒྲགས་བྱས། ཚོགས་ཆེན་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

མཇུག་བསྡུའི་ཚོགས་འདུ་ལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་བྱས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཞོན། ཨའེ་ལེ་ཀེང·དབྱི་མིང་པ་ཧའེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། ཡང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བསྡད་ཡོད།

ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་། ཝང་ཆི་ཧྲན་བཅས་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དགུ་བརྒྱ་ང་དྲུག་ཡོད་པ་དང་། དངོས་སུ་ཞུགས་ཡོད་པའི་འཐུས་མི་སྟོང་གཉིས་དང་བརྒྱ་བརྒྱ་གྱ་དྲུག་ཡོད་ལ། འཐུས་མི་བདུན་ཅུ་ཚོགས་འདུར་ཞུགས་མེད་། ཚོགས་འདུར་ཞུགས་པའི་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་གནང་།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ནང་དུ་གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་ལྷག་གི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། སྙན་ཞུའི་ནང་བཏོན་པའི་སྤྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་སྤྱིའི་བླང་བྱ་དང་། དམིགས་འབེན་གཙོ་བོ། གཙོ་གནད་ལས་འགན་བཅས་ལ་ཡིད་འཐད་བྱུང་ཡོད་པས། སྙན་ཞུ་འདིར་ཆོག་མཆན་འགོད་རྒྱུ་ཡིན་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། དམངས་དོན་ཁྲིམས་གཞུང་ལ་གྲོས་འཆམ་བྱུང་ཡོད། དམངས་དོན་ཁྲིམས་གཞུང་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུའི་ཐག་བཅད་ཡོད།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཆོད་དོན་དེ་སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཚོགས་ཐོག་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་གནས་ཚུལ་དང་། ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞི་ལག་བསྟར་གནསས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུ་གཏན་འབེབས་བྱས་ལ། ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞིར་ཆོག་མཆན་བཀོད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནསས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུ་གཏན་འབེབས་བྱས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་བཀོད་ཡོད།

ཚོགས་ཐོག་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ནང་དུ་གྲོས་ཚོགས་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་ཚུན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་་ཁས་ལེན་གང་ལེགས་གནང་བ་དང་། སྙན་ཞུའི་ནང་བཏོན་པའི་རྗེས་ཕྱོགས་ཀྱི་དུས་མཚམས་ཤིག་རིང་གི་ལས་འགན་གཙོ་བོ་དང་བྱ་བའི་བཀོད་སྒྲིག་ལ་མོས་མཐུན་བྱུང་ནས། སྙན་ཞུ་དེར་ཆོག་མཆན་འགོད་རྒྱུ་ཐག་བཅད།

གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྙན་ཞུ་དེ་གཉིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བད་ཡོད།

གྲོས་ཚོགས་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧྥེང་ཀྲུང་ཧྭ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་མི་འཁུར་བའི་རེ་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

དེའི་རྗེས་སུ་ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་ཁག་བདེ་བླག་ངང་ཡོངས་འགྲུབ་བྱས་ནས་གྲོལ་ཡོད་ལ། དེ་ནི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན། ཚོགས་ཐོག་ནས་འདས་ཟིན་པའི་ལོ་གཅིག་ལྷག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་བར་་ཚད་མཐོའི་གདེང་འཇོག་གནང་ཡོད། འཐུས་མི་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག་ཏུ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་སྟེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་ནས། དཀའ་བ་སྣ་ཚོགས་ཁྱད་དུ་བསད་ནས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་གསར་པ་མང་པོ་བླངས་ཡོད། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་བཀོད་འདོམས་དང་སྐུ་དངོས་ཀྱིས་བཀོད་སྒྲིག་མཛད་དེ། དུས་ཡུན་ཟླ་བ་གཅིག་ཙམ་རིང་ལ་རིམས་ནད་འགོས་ཁྱབ་འགྲོ་ཚུལ་ལ་ཐོག་མའི་ཆ་ནས་ཚོད་འཛིན་ཐུབ་པ་དང་། དུས་ཡུན་ཟླ་བ་གཉིས་ཡས་མས་བེད་སྤྱད་དེ་ས་གནས་འདིར་ཉིན་ལྟར་ནད་པ་གསར་པ་ཐོན་ཚད་གྲངས་གནས་གཅིག་གི་ཐོག་ཚོད་འཛིན་ཐུབ་པ། དུས་ཡུན་ཟླ་བ་གསུམ་ཡས་མས་བེད་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐུབ་པའི་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཡོད། ང་ཚོ་ལྟ་བུའི་མི་གྲངས་དུང་ཕྱུར་བཅུ་བཞི་ཟིན་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་བཤད་ན། གྲུབ་འབྲས་དེ་འདྲ་ཐོབ་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན། དེ་ནི་ཀྲུང་གོའི་མི་དམངས་ཀྱི་དཔའ་བོའི་མཛད་པ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་སྟོབས་ཤུགས་ཀྱང་ཡིན་ཟེར།    ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཚོགས་ཐོག་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་པ་དང་། རྗེས་ཕྱོགས་ཀྱི་དུས་མཚམས་ཤིག་གི་བྱ་བར་བཀོད་སྒྲིག་བྱས་ཡོད། ང་ཚོས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་དང་འགན་འཁུར་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་དགོས་པར་མ་ཟད། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུར་འགན་ལེན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོ། ཚོགས་ཐོག་ནས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོ་གསར་པའི་ཁྲིམས་གཞུང་ཐོག་ནས་མིང་བཏགས་པའི་བཅའ་ཁྲིམས་ཐོག་མ་ཡིན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བའི་མཚོན་རྟགས་རང་བཞིན་གྱི་ཁྲིམས་འཛུགས་ཞིག་ཡིན་པས། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་དེ་བས་ཀྱང་འཐུས་སྒོ་ཚང་བའི་དམངས་དོན་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཐུབ་ངེས་ཡིན། ང་ཚོས་སྣེ་ཁྲིད་ནས་བཅའ་ཁྲིམས་དེར་སློབ་སྦྱོང་དང་དྲིལ་བསྒྲགས། བརྩི་སྲུང་བཅས་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ལ་ཁྲིམས་གཞུང་འདི་ཉིད་ཁྱབ་གདལ་དུ་གཏོང་དགོས། སྤྱི་ཚོགས་ཧྲིལ་པོས་རང་རྟོགས་ངང་ཁྲིམས་ལྟར་དམངས་དོན་བྱེད་སྒོ་སྤེལ་ཚེ། དམངས་དོན་རྩོད་གཞི་ཇེ་ཉུང་དུ་གཏོང་ཐུབ་པ་དང་། དམངས་དོན་གྱི་འགལ་ཟླ་སེལ་ཐུབ་སྟེ། སྤྱི་ཚོགས་ཡོངས་དཔལ་ཡོན་དང་འཆམ་མཐུན། བརྟན་འཇགས་བཅས་ཡོང་བར་སྐུལ་འདེད་གཏོང་ཐུབ་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཚོགས་ཐོག་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་འཛུགས་རྒྱུའི་ཐག་བཅད་ཡོད། དེ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་རྩ་ཁྲིམས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་མཐུན་པ་དང་། ཞང་ཀང་གི་སྤུན་ཟླ་དང་བཅས་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ཁྲིམས་ལུགས་བཟོ་བ་དང་། ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། ཞང་ཀང་ཡུན་རིང་བདེ་འགོད་དང་ཡུན་རིང་དར་རྒྱས་གཏན་འཇགས་ཡོང་རྒྱུར་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་ཡུན་རིང་དར་རྒྱས་ཡོང་བར་འགན་ལེན་བྱེད་ཐུབ་ཟེར།

ལིས་ཀྲན་ཧྲུའུ་ཡིས་མཇུག་མཐར་བསྟན་དོན། ཀྲུང་གོའི་མི་དམངས་ལ་རླབས་ཆེའི་གསར་གཏོད་ཀྱི་སྙིང་སྟོབས་དང་། འབད་འཐབ་ཀྱི་སྙིང་སྟོབས། མཐུན་སྒྲིལ་གྱི་སྙིང་སྟོབས། ཕུགས་འདུན་གྱི་སྙིང་སྟོབས་བཅས་ཡོད་པས། དེ་ནི་ང་ཚོ་དྲག་ཆར་རླུང་འཚུབ་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་བརྟན་པོར་འཛུགས་པ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པ། མི་དམངས་གོང་དུ་བཀུར་བ། མི་དམངས་ལ་དམ་པོར་བརྟེན་པ། མི་དམངས་ལ་བདེ་སྐྱིད་ཟམ་མི་ཆད་པར་བསྐྲུན་པ། མི་དམངས་ཀྱི་ཁྲོད་གཞི་རྐང་བརྟན་པོར་ཚུགས་པ། སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་གྱི་ལེའུ་གསར་པ་འབྲི་དགོས་ཟེར།

ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་སོ་ལྔའི་ཐོག ལིས་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མཇུག་སྒྲིལ་བ་ཁྱབ་བསྒྲགས་གནང་བ་དང་། ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ།

ཀྲུའུ་ཞི་སྟེགས་བུའི་ཐོག་འདུག་མཁན་ལ་ད་དུང་ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཞུས་ཆི་ལེང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་མེ་ཨར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན། ཀྲང་ཆིང་ལི། ལིའུ་ཆི་པའོ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧིག་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པིའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་ཡིང་། ཞ་པའོ་ལུང་། ཡང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧི་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་དང་། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལི་ཙུའོ་ཁྲིན་། མིའོ་ཧྭ། ཀྲང་ཧྲིན་མེན་སོགས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་འཁུར་མི་སྣ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བ་ཚོགས་ཆེན་ལ་ཟུར་ཞུགས་དང་ཡང་ན་ཟུར་ཉན་བྱས།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།