འཇར་པན་དུ་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་རེ་གསུམ་གྱིས་ཇེ་མང་དུ་སོང་།
2020.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

འཇར་པན་རླུང་འཕྲིན་མཐུན་ཚོགསNHKབརྙན་འཕྲིན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཚེས28ཉིན་གྱི་ཆུ་ཚོད22བར(པེ་ཅིན་གྱི་དུས་ཚོད་ཆུ་ཚོད21བར)། འཇར་པན་གྱིས་ཉིན་དེར་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་རེ་གསུམ་གྱིས་ཇེ་མང་དུ་སོང་ཡོད་ཅིང་། རིམ་རྩིས་བྱས་ན་ད་སྔ་ནད་དུག་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་དྲུག་བདུན་བརྒྱ་ང་དགུ་ལ་སླེབས། རིམས་ནད་ལས་ཤི་བའི་ནད་པ་བཅུ་གསུམ་གསར་སྣོན་བྱུང་ཡོད་ཅིང་། རིམ་རྩིས་བྱས་ན་ནད་པ་བརྒྱད་བརྒྱ་གྱ་གཉིས་རིམས་ནད་ཁྲོད་ཚེ་ལས་འདས་ཡོད།

རྒྱལ་ཡོངས་ཀྱི་རིམས་ནད་གནས་བབ་ཅུང་བརྟན་བརླིང་ཡིན་མོད། འོན་ཀྱང་ས་ཁུལ་ཁག་ཅིག་གིས་སྔར་བཞིན་རིམས་ནད་བསྐྱར་དུ་འབྱུང་ངེས་པར་དོགས་ཟོན་བྱེད་དགོས་པའི་རེ་འབོད་བྱེད་ཀྱིན་ཡོད། NHKབརྙན་འཕྲིན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཚེས28ཉིན་ཏུང་ཅིན་དུ་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་བཅོ་ལྔ་ཡིས་ཇེ་མང་དུ་ཕྱིན་ནས།ཚེས་25ཉིན་ཛ་དྲག་གི་རྣམ་པ་མེད་པར་བཟོས་རྗེས། ཉིན་གསུམ་རིང་བསྟུད་མར་པྲོག་དབྱིབས་ནད་དུག་འགོས་པའི་ནད་པའི་ཁ་གྲངས་གྲངས་གནས་གཉིས་ལ་སླེབས་ཡོད།ཚེས28ཉིན་བར་ཏུང་ཅིན་དུ་རིམ་རྩིས་བྱས་ན་ནད་པ5195གཏན་འཁེལ་བྱས་པ་དང་། རིམ་རྩིས་བྱས་ན་མི299རྐྱེན་ལམ་དུ་ཤོར་བ་རེད། ལྷོ་ཕྱོགས་ཀྱི་ཧྥུའུ་ཀང་རྫོང་གི་པེ་ཅིག་ཀྲིག་གྲོང་ཁྱེར་གྱིས་ཉིན་དེར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ21གསར་སྣོན་བྱས་ཡོད། གྲོང་ཁྱེར་དེས་ཉེ་དུས་ཀྱི་ཉིན་དྲུག་གི་རིང་ལ་མི་ཞེ་གསུམ་ལ་པྲོག་དབྱིབས་ནད་དུག་འགོས་པ་གཏན་འཁེལ་བྱས།

རིམས་ནད་ཡང་བསྐྱར་མི་འབྱུང་བར་སྔོན་འགོག་བྱེད་ཆེད། ཏུང་ཅིན་གྱིས་་མིང་ལ“ཏུང་ཅིན་ཉེན་བརྡ”ཞེས་པའི་ལམ་སྲོལ་ཞིག་བཙུགས་ནས། འགོས་ནད་དེ་ཚོད་འཛིན་དམིགས་ཚད་ལས་བརྒལ་སྐབས་ས་གནས་དེ་གའི་གྲོང་མིར་ཉེན་བརྡའི་ཆ་འཕྲིན་ཚུགས་ཐུབ་ངང་ཁྱབ་བསྒྲགས་བྱེད་བདེ་པོ་ཡོང་བ་བྱེད་བཞིན་ཡོད།ཧྥུའུ་ཀང་རྫོང་གི་རྫོང་དཔོན་ཞའོ་ཁྲོན་དབྱང་གིས་པེ་ཅིག་ཀྲིག་གྲོང་ཁྱེར་གྱི་གྲོང་མི་རྣམས་ལ་དགོས་ངེས་སམ་ཛ་དྲག་གི་སྒོ་ནས་ཕྱི་ལ་འགྲོ་མི་རུང་བའི་འབོད་སྐུལ་བཏང་ཡོད་འདུག

གཞན་ཡང་ཧོའུ་ཧྲེང་ངལ་རྩོལ་ལས་ཁུངས་ཀྱིས་ཚེས28ཉིན་བསྡོམས་རྩིས་བྱས་པར་གཞིགས་ན། འཇར་པན་གྱི་པྲོག་དབྱིབས་ནད་རྟགས་གཏན་འཁེལ་བྱས་པའི་ཁྲོད་མི་ཁྲི་གཅིག་དང་སྟོང་བཞི་བརྒྱ་དང་ཞེ་བདུན་སྨན་ཁང་ནས་ཐོན་པའམ་ཡང་ན་ལོགས་སུ་བཀར་བ་དངོས་སུ་མཇུག་སྒྲིལ་བ་དང་། འཇར་པན་གྱིས་བསྡོམས་པས་མི་འབུམ་གཉིས་དང་ཁྲི་བརྒྱད་སྟོང་གཅིག་ལ་ཞིབ་དཔྱད་ཚད་ལེན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།