མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་ན་གཞོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཟི་ལིང་ནས་ཚོགས།
2020.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་ན་གཞོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང2020ལོའི་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པའི་སློབ་གསོ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས2019ལོའི་བྱ་བར་སྤྱི་སྡོམ་བྱས་པ་དང་། 2020ལོའི་བྱ་བ་གཙོ་བོར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་ནང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་ཡང་དག་དང་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་རྒྱ་ཆེའི་ལོ་ཆུང་བྱིས་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་དང་སྣེ་ཁྲིད་བྱས་པས། ལོ་ཆུང་བྱིས་པའི་བསམ་བློ་ཆབ་སྲིད་སྣེ་ཁྲིད་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ལོ་ཆུང་གདོང་ལེན་རུ་མིའི་སྐུལ་སློང་རྐྱེན་སྲོལ་གྱིས་འཚོལ་ཞིབ་གསར་བ་སྤེལ་བ་དང་། ལོ་ཆུང་གདོང་ལེན་རུ་ཁག་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས་ལ། ཞིང་ཆེན་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་ཆུང་གདོང་ལེན་རུ་ཁག་གི་གཟི་བརྗིད་རྒྱུད་འཛིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་བྱ་བའི་མདུན་སྐྱོད་ཁ་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཏང་དང་གུང་གཞོན་ཚོགས་པ། རུ་ཁག་བར་གྱི་ཆབ་སྲིད་གཏན་ཚིགས་དང་ལོ་རྒྱུས་གཏན་ཚིགས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་བྱ་བའི་འགན་འཁྲི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཏང་དང་གུང་གཞོན་ཚོགས་པ། རུ་ཁག་གཞི་གཅིག་ཅན་གྱི་གཞི་རྒྱུད་དམར་པོ་རྒྱུད་འཛིན་བྱེད་པའི་མུ་ཐག་འཛུགས་པའི་ཐད་ལོ་ཆུང་གདོང་ལེན་རུ་ཁག་གི་རྨང་གཞི་འདིང་དགོས་ཟེར།