མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཆུ་གྲོན་ཆུང་སྒོས་སྤྱོད་པའི་དོ་དམ་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་བསྡུས།
2020.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཆུ་གྲོན་ཆུང་སྒོས་སྤྱོད་པའི་དོ་དམ་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་བསྡུས། ཚོགས་ཐོག་ནས་ཉིས་སྟོང་བཅུ་དགུ་ལོའི་རང་ཞིང་གི་ཆུ་གྲོན་ཆུང་སྒོས་སྤྱད་པའི་ལས་དོན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། ཉིས་སྟོང་ཉི་ཤུ་ལོའི་ཆུ་གྲོན་ཆུང་སྒོས་སྤྱོད་པའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། 2019ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུ་གྲོན་ཆུང་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཆུ་གྲོན་ཆུང་སྔོན་ལ་འཇོག་པའི”ཆུ་བཅོས་བྱེད་ཕྱོགས་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ“མཚོ་སྔོན་སྲིད་སྐྱོང་བྱ་བའི་ཁྲོད་ཆུ་ནི་སྲིད་དོན་ཆེན་པོ་ཡིན་པའི”འདུ་ཤེས་རྒྱུན་འཛིན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཆུ་གྲོན་ཆུང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན། ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ལས་ཆོད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་སུ་ཆུ་གྲོན་ཆུང་ཅན་གྱི་ཐོན་སྐྱེད་བྱེད་སྟངས་ཤིག་དང་འཚོ་བ་སྐྱེལ་སྟངས་ཤིག་རིམ་བཞིན་གྲུབ་ཀྱིན་ཡོད་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ས་ཁུལ་དང་སྡེ་ཁག་སོ་སོས་ཆུ་གྲོན་ཆུང་བྱེད་པའི་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཀྱི་ཁྲོད་ཟིན་པའི་འཐབ་ཇུས་ཀྱི་གོ་གནས་ལ་ངོས་འཛིན་ཡང་དག་བྱས་ཏེ། ཆུ་གྲོན་ཆུང་བྱེད་པའི་འགུལ་སྐྱོད་ལ་ཕྱོགས་ཡོངས་ནས་ཕན་འབྲས་ཐོབ་པར་བྱས་ནས། ཆུ་གྲོན་ཆུང་བྱེད་པའི་བྱ་བའི་བྱེད་ཐབས་གསར་པ་དང་ཕན་འབྲས་གསར་པར་བརྟེན་ནས་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཟེར། 

བན་དེ་སྐྱབས་ཀྱིས་བསྒྱུར།