མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་དོན་ཕྱིར་སྒྲོག་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས།
2020.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་དོན་ཕྱིར་སྒྲོག་བྱ་བའི་བརྙན་རིས་གྲོས་ཚོགས་ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་དོན་ཕྱིར་སྒྲོག་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཐོ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཚོགས་ཐོག་ནས2019ལོའི་ཞིང་ཆེན་ཡོངས་ཀྱི་སྲིད་དོན་ཕྱིར་སྒྲོག་བྱ་བ་དང་དཔྱད་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། 2020ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། 2019ལོར་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྲིད་དོན་ཕྱིར་སྒྲོག་བྱ་བ་ཁྱོན་ཡོངས་ནས་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ལ། རང་འགུལ་གྱིས་འབད་འཐབ་བྱས་པས། སྲིད་དོན་ཕྱིར་སྒྲོག་བྱ་བར་གྲུབ་འབྲས་འབུར་ཐོན་བླངས་ནས། རྒྱལ་ཁབ་གཞུང་སྒྲུབ་ཁང་གིས2019ལོའི་སྲིད་དོན་ཕྱིར་སྒྲོག་བྱ་བའི་ཕུལ་བྱུང་ལས་ཁུངས་སུ་བདམས་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། བྱ་བ་ལག་བསྟར་ནན་མོ་བྱས་པ། སྟེགས་བུ་དང་ལམ་བུ་བཟང་བ། བྱ་བའི་རྨང་གཞི་བརྟན་པའི་ཁྱད་ཆོས་མངོན་པར་བྱས་ཡོད་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྲིད་དོན་ཕྱིར་སྒྲོག་བྱ་བའི་གནས་ཐིག་གསར་བ་དང་ལས་འགན་གསར་བར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆ་འཕྲིན་ཅན་འཕེལ་རྒྱས་སུ་གཏོང་བའི་འཕེལ་ཕྱོགས་ཆེན་པོ་དང་ཁོར་ཡུག་ཆེན་པོ་དང་མཐུན་པར་བྱེད་པ། རང་འགུལ་གྱིས་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བ་དང་རེ་བ་གསར་བ་ལ་ལན་འདེབས་པ། ཇུས་ཆོད་ལག་བསྟར་བྱེད་པར་ཞབས་འདེགས་ཞུ་བ་དང་། སྲིད་གཞུང་གི་བྱ་བ་གཙོ་བོར་དམིགས་ནས། སྲིད་ཇུས་བྱེད་ཐབས་ཀྱི་ཤན་ཤུགས་དང་ཡོངས་ཁེབས་བྱེད་པའི་སྟེང་ཤུགས་འདོན་དགོས། ཞབས་ཞུ་ལ་ཤུགས་སྣོན་པ་དང་། རྒྱུན་མཐུད་ངང་ཕྱིར་སྒྲོག་ནང་དོན་གཏིང་ཟབ་ཏུ་བཏང་སྟེ། སྲིད་དོན་ཕྱིར་སྒྲོག་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། བརྗེ་རེས་ཇེ་དྲག་ཏུ་གཏོང་བ་དང་། དུས་ཐོག་ཏུ་ལན་གསལ་བོ་བཏབ་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཆ་འཕྲིན་མཉམ་འབྲེལ་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་། ཕྱིར་སྒྲོག་སྟེགས་བུ་རྩོལ་ནུས་ལེགས་བསྒྱུར་བྱས་ཏེ། སྤུས་ལེགས་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས། ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། སྲོལ་ཡིག་གསར་བ་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ། སྲིད་དོན་ཕྱིར་སྒྲོག་བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་ནས། བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་འཛུགས་སྐྲུན་ཐད་བྱས་རྗེས་གསར་བ་འཇོག་པར་སྐུལ་འདེད་གཏོང་དགོས་ཟེར།