ཞི་ཅིན་ཕིང་གིས་རྒྱལ་ཡོངས་གྱི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་འཕྲིན་ལན་བསྐུར།
2020.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

རྒྱལ་ཡོངས་ཚན་རྩལ་བྱ་བ་སྒྲུབ་མཁན་གྱི་ཉིན་མོ་བཞི་བ་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་པའི་ཚེས་ཉེར་དགུ་ཉིན་ཡོན་ལུང་ཕེན་དང་ཀྲུང་ནན་ཧྲན། ཡེ་ཕེ་ཅན་སོགས་ཚན་རྩལ་བྱ་བ་སྒྲུབ་མཁན་གྱི་འཐུས་མི་ཉེར་ལྔ་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོ་དང་རྒྱལ་ཡོངས་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་བྱས།

ཞི་ཅིན་ཕིང་གིས་བསྐུར་བའི་འཕྲིན་ལན་ནང་བསྟན་དོན། ཚང་མས་གསར་སྐྲུན་གསར་གཏོད་བྱེད་པའི་བསམ་གཞིགས་དང་ལག་ལེན་ལས་དུས་རབས་གསར་བའི་རང་རྒྱལ་གྱི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་རྒྱལ་ཁབ་ལ་དྲན་གཟོ་བྱེད་པའི་བརྩེ་སེམས་མཚོན་པར་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། གསར་སྐྲུན་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པ་དང་། ཚན་རྩལ་ནི་དཀའ་ཁག་ལས་རྣམ་པར་རྒྱལ་བའི་ནུས་ལྡན་མཚོན་ཆ་ཡིན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་ཡོངས་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་དཀའ་ཁག་ཁྱད་སེལ་བྱས་ཤིང་ནད་ཐོག་མྱུར་སྐྱོབ་དང་འགོག་སྨན་གསར་བཟོ། དངོས་རྫས་འགན་སྲུང་། གཞི་གྲངས་ཆེན་མོ་བཀོལ་སྤྱོད་སོགས་ཀྱི་ཐད་ལ་ཉིན་མཚན་མེད་པར་འབད་བརྩོན་བྱས་ནས། རིམས་ནད་འགོག་བཅོས་འཐབ་རྩོད་ཐད་ལ་ཚན་རྩལ་གྱི་འདེགས་ཤུགས་འདོན་སྤྲོད་བྱས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཡོངས་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་གསར་སྐྲུན་རང་རྟོན་ཇེ་བརྟན་དུ་གཏོང་དགོས་ལ། གནད་འགག་སྲོག་ཤིང་ལག་རྩལ་ནུས་པ་ཇེ་ཆེར་བཏང་སྟེ་ཐོན་ལས་དང་སློབ་གྲྭ། ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་མཉམ་བསྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤོབས་པ་ཆེན་མོས་ཚན་རྩལ་གྱི་ཡང་རྩེར་བསྐྱོད་ནས། རང་རྒྱལ་དེ་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།