ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཆེད་མཁས་པ་དང་ཤེས་ཡོན་ཅན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
2020.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཆེད་མཁས་པ་དང་ཤེས་ཡོན་ཅན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གཉིས་ཀ་བཞུགས་མོལ་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རིམས་འགོག་འཐབ་རྩོད་ཁྲོད་དུ་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་འགན་ཁུར་བསམ་པ་དྲག་པོ་བཅངས་ཏེ། ཆེད་ལས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཤིང་། རིམས་ནད་གནས་བབ་ལ་དབྱེ་ཞིབ་དང་རིམས་འགོག་འཐབ་ཇུས་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་མྱུར་སྐྱོབ་ལ་མཛུབ་སྟོན་བྱེད་པ། ཚན་ཞིབ་འགོག་རྒོལ་ལ་ཤུགས་སྣོན་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ལ་ཇུས་གཞི་བཏོན་ནས་རིམས་འགོག་འཐབ་རྩོད་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀོང་ཀྲིག་གསོ་རིག་ཚན་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུང་ནན་ཧྲན་དང་རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཟུར་གཏོགས་པེ་ཅིན་ཁྲའོ་ཡང་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཐུང་ཁྲའོ་ཧོས་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ། རང་རྒྱལ་གྱི་རིམས་འགོག་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྤྱི་ཐུན་འཕྲོད་བསྟེན་མ་ལག་ཆ་ཚང་དུ་གཏོང་བ། སྨན་བཅོས་མྱུར་སྐྱོབ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཀྲུང་ལུགས་སྨན་རྫས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་འདེགས་ཤུགས་ཇེ་ཆེར་གཏོང་བ། སྤྱི་ཐུན་འཕྲོད་བསྟེན་བཅའ་ཁྲིམས་སྒྲིག་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་གསུང་བཤད་གནང་། ཁོང་གིས་བསྟན་དོན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་གཅིག་གྱུར་སྒོས་བཀོད་སྒྲིག་དང་འཆར་འགོད་བྱས་ཤིང་ནུས་ལྡན་ཐབས་ཇུས་བཏོན་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་ཤིང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཆེས་གཟབ་ནན་དང་ཆེས་ཁྱོན་ཡོངས། ཆེས་མཐའ་འཁྱོལ་བའི་རིམས་འགོག་བྱེད་ཐབས་སྤྱད་ནས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་རྒོལ་ཐད་ནས་འཐབ་ཇུས་གྲུབ་འབྲས་གལ་ཆེན་བླངས། བླངས་པའི་གྲུབ་འབྲས་དེ་དག་ལས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཁྱད་སྟོབས་མངོན་པར་བྱས་ཤིང་། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་རང་རྒྱལ་གྱི་ཉིན་རེར་ཇེ་ཆེར་སོང་བའི་ཕྱོགས་བསྡུས་རྒྱལ་ཤུགས་མཚོན་པར་བྱས་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྡུག་མཉམ་སེལ་དང་རྡོག་རྩ་གཅིག་སྒྲིལ་བྱས་པའི་སྟོབས་ཤུགས་ཆེན་པོ་གསལ་བོར་མངོན་པར་བྱས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་རིམས་ནད་བྱུང་བའི་ཚུན་ལ། རང་ཚོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་དམ་པོ་བྱས་པ་དང་། རང་འགུལ་སྒོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་དང་ནད་དུག་ཆ་འཕྲིན་དང་རིམས་ནད་འགོག་རྒོལ་གྱི་ཉམས་མྱོང་དང་སྒྲུབ་སྟངས་ལོངས་སུ་སྤྱོད་དུ་བཅུག་པར་མ་ཟད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་ལྷག་ལ་རོམས་འགོག་དངོས་རྫས་དང་ལག་རྩལ་རོགས་སྐྱོར་འདོན་སྤྲོད་བྱས་པ་དེ་ལས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མཚོན་པར་བྱས་ཡོད། ང་ཚོས་མུ་མཐུད་དུ་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱས་ཏེ། འཛམ་གླིང་ཡོངས་ལ་རིམས་འགོག་དངོས་རྫས་འདོན་སྤྲོད་བྱེད་པའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཟེར།

ཏེན་ཞའོ་ཞང་དང་ལིའུ་ཧི། སུན་ཁྲུན་ལན། དབྱང་ཅེ་ཁྲི། ཀྲང་ཡུག་ཞ། ཧོང་ཁུན་མེན། ཚེ་ཆི། ཝང་ཡུང་། ཞའོ་ཅེ། ཀྲའོ་ཁི་ཀྲི། ཧི་ལིས་ཧྥིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།