ཧན་ཀྲིན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེན་ཀྲིན་ཡུའེ་ཨི་ཡིས་བཏོན་པའི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཁྲིམས་འཛུགས་གནད་དོན་ཐད་ཀྱི་གྲོས་གཞི་ལ་ཉན།
2020.06.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ཞང་ཀང་དང་ཨོ་མིན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེན་ཀྲིན་ཡུའེ་ཨི་དང་འབྲེལ་ཡོད་དཔོན་པོ་གཙོ་བོར་མཇལ་འཕྲད་གནང་བ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཁྲིམས་འཛུགས་གནད་དོན་ཐད་ཀྱི་གྲོས་གཞི་ལ་ཉན།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་ཀྱི་ཕྱོགས་ངོས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་རྩ་བའི་དམིགས་འབེན་ནི། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། ཞང་ཀང་གི་ཡུན་སྐྱོང་བདེ་འགོད་དང་ཡུན་རིང་གི་དར་རྒྱས་གཏན་འཇགས་ལ་འགན་སྲུང་བྱས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་གཏན་འཇགས་ངང་ཡུན་རིང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས།  འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་བྱེད་པའི་གོ་རིམ་ཁྲོད། རྣམ་པ་སྣ་མང་བརྒྱུད་དེ་ཞང་ཀང་གི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣའི་གྲོས་གཞི་ལ་ཉན་རྒྱུ་ཡིན་ཟེར།

ཀྲའོ་ཁི་ཀྲི་དང་ཞཱ་པོ་ལོང་གཉིས་མཇལ་འཕྲད་ལ་ཞུགས།