ཧན་ཀྲིན་གྱིས་ཧུའུ་ནན་གྱི་བྱ་བར་རྟོག་ཞིབ་མཛད།
2020.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 108

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ནས་ཟླ་དྲུག་པའི་ཚེས་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧུའུ་ནན་ཁྲང་ཧྲ་དང་ཡུའེ་དབྱང་དུ་རྟོག་ཞིབ་མཛད།

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ནས་ཟླ་དྲུག་པའི་ཚེས་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧུའུ་ནན་ཁྲང་ཧྲ་དང་ཡུའེ་དབྱང་དུ་རྟོག་ཞིབ་མཛད།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཧུའུ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། བཟོ་སྐྲུན་ལས་རིགས་ཀྱི་ཚུལ་བསྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གྲུབ་འབྲས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་ཐོག་མར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་སྡེ་ཚོགས་དང་གསུམ་གཅིག་སྡེ་ཚོགས་སུ་ཕེབས་ནས། ལས་ཐན་སླར་གསོ་དང་ཁེ་ལས་ལ་རོགས་སྐྱོར་དང་ལས་རྐང་གཏན་འཇགས་སུ་གཏོང་བའི་སྲིད་ཇུས་ལག་བསྟར་གནས་ཚུལ་ཐད་ནས་གསལ་བོ་དྲིས་པ་དང་། བཟོ་སྐྲུན་འཕྲལ་ཆས་སོགས་ཐོན་རྫས་ཞིབ་སྤེལ་ཐོན་སྐྱེད་ཐད་ནས་རྒྱུས་ལོན་གསལ་བོ་བྱས། དེའི་རྗེས་ཧན་ཀྲིན་ཀྲུང་ནན་སློབ་ཆེན་ཞིབ་སྤེལ་སྤྱི་ཁྱབ་པུའུ་རྟེན་གཞི་རུ་ཕེབས་ནས། ཡུའེ་ལུའུ་རི་བོའི་རྒྱལ་ཁབ་སློབ་ཆེན་ཚན་རྩལ་གྲོང་ཁྱེར་འཛུགས་སྐྲུན་དང་དྭངས་གསལ་རྩིས་རྒྱག གཞི་གྲངས་ཆེན་པོའི་སྟེགས་བུ་འཕེལ་རྒྱས་བེད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། མཐོ་རིམ་སློབ་གྲྭས་གྱང་སྐོར་སློབ་སྒྲུབ་ཀྱི་བྱེད་ཐབས་འཚོལ་ཞིབ་བྱེད་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་སྔར་ལས་བཟང་བོ་བྱེད་པ། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་སྐྱེད་སྲིང་། ཐོན་ལས་ཅན་མངོན་འགྱུར་བྱེད་པའི་ཚན་རྩལ་གསར་གཏོད་སྦྲེལ་ཐག་འཛུགས་སྐྲུན་བྱེད་དགོས་ཟེར།

ཧན་ཀྲིན་ད་དུང་ཁྲང་ཧྲ་ཅུའུ་ཙི་ཀྲིག་དང་ཡུའེ་དབྱང་ཏུང་ཧྥུན་མཚེའུ་གཉིས་ལ་སོང་ནས། ཆུ་གཟུགས་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ལྟ་ཞིབ་བྱས། ཁོང་གིས་བསྟན་དོན། རྩ་བའི་སྟེང་ནས་མགོ་ཁུངས་ཀྱི་ཚོད་འཛིན་མངོན་འགྱུར་བྱེད་པ་དང་། ཆུ་གཟུགས་འགྲམ་ངོགས་འགྲམ་རྒྱུད་ཀྱི་ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར་ཇེ་མགྱོགས་སུ་གཏོང་བ། བཙོག་ཆུ་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུའི་སྐྱེ་ཁམས་ཁོར་ཡུག་ཀྱི་འཁོར་སྐྱོད་བཟང་བོ་མངོན་འགྱུར་བྱེད་དགོས་ཟེར།