ཧན་ཀྲིན་གྱིས་འགོ་མཛིན་མཛད་དེ་སྐབས་ཉེར་བཞི་བའི་དགུན་དུས་ཀྱི་ཨོ་ལིན་ཕིག་འགྲན་ཚོགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།
2020.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 148

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས་ཉེར་བཞི་བའི་དགུན་དུས་ཀྱི་ཨོ་ལིན་ཕིག་འགྲན་ཚོགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་འགོ་མཛིན་མཛད་དེ་སྐབས་ཉེར་བཞི་བའི་དགུན་དུས་ཀྱི་ཨོ་ལིན་ཕིག་འགྲན་ཚོགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས་ཉེར་བཞི་བའི་དགུན་དུས་ཀྱི་ཨོ་ལིན་ཕིག་འགྲན་ཚོགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་བཅུ་གཅིག་ཉིན་འགོ་མཛིན་མཛད་དེ་སྐབས་ཉེར་བཞི་བའི་དགུན་དུས་ཀྱི་ཨོ་ལིན་ཕིག་འགྲན་ཚོགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིན་གྱི་དགུན་དུས་ཨོ་ལིན་ཕིག་འགྲན་ཚོགས་དང་དགུན་དུས་ཀྱི་དབང་བོ་སྐྱོན་ཅན་ཨོ་ལིན་ཕིག་འགྲན་ཚོགས་བསྒྲུབ་པའི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། 2022ལོའི་པེ་ཅིན་དགུན་དུས་ཨོ་ལིན་ཕིག་འགྲན་ཚོགས་དང་དགུན་དུས་ཀྱི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་འགྲན་ཚོགས་བསྒྲུབ་པའི་བྱ་བ་ཚོད་ལྟ་མཇུག་འགྲིལ་དུས་རིམ་དུ་སླེབས་པ་དང་། འཆར་གཞི་སྣ་ཚོགས་ལེགས་འགྲུབ་དང་དངོས་སུ་འཁྲབ་སྦྱོང་བྱེད་པའི་གནད་འགག་དུས་སྐབས་ཡིན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་རུ་བྱེད་པ། ཕུན་སུམ་ཚོགས་པའི་འགྲན་བསྒྲུབ་དམིགས་འབེན་ལྟར། གྲ་སྒྲིག་བྱ་བ་སྣ་ཚོགས་བརྟན་བརླིང་ངང་བཟང་བོར་བསྒྲུབ་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་དགུན་དུས་ཨོ་ལིན་ཕིག་འགྲན་ཚོགས་དང་དགུན་དུས་ཀྱི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གནོད་པ་ངེས་ཅན་བཟོས་ཡོད་པས། ཁ་གཏད་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་དཀའ་ངལ་ཁྱད་སེལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་ལྡན་ཅན་དུ་བསྒྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྐབས་ཉེར་བཞི་བའི་དགུན་དུས་ཨོ་ལིན་ཕིག་འགྲན་ཚོགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་སུང་ཁྲུན་ལེན་དང་ཚའེ་ཆི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

རིན་ཆེན་མཚོས་བསྒྱུར།