དབྱང་ཧྥུན་ཁྲུན་གྱིས་འགོ་མཛིན་བྱས་ནས་སྐྱེ་ཁམས་འགྲེམ་སྟོན་གྲོས་ཚོགས་ཀྱི་གྲ་སྒྲིག་གྲོས་ཚོགས་ཐེངས་དང་པོ་བསྡུས།
2020.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་འགོ་མཛིན་བྱས་ནས་སྐྱེ་ཁམས་འགྲེམ་སྟོན་གྲོས་ཚོགས་ཀྱི་གྲ་སྒྲིག་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། དུས་སྔོན་མའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། གོ་རིམ་རྗེས་མའི་རྩ་འཛུགས་གྲ་སྒྲིག་བྱ་བ་བཀོད་སྒྲིག་བྱས།

དབྱང་ཧྥུན་ཁྲུན་གྱིས་བསྟན་དོན། སྐྱེ་ཁམས་འགྲེམ་སྟོན་གྲོས་ཚོགས་བསྡུ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་། ཆེས་ཆེ་བ་གསུམ་མངོན་འགྱུར་བྱས་ཏེ། ཆུ་དྭངས་རི་ལྗང་དེ་གསེར་དངུལ་རི་ལ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་འཕགས་སྐྱེ་ཁམས་གོ་གནས་འགྲེམ་སྟོན་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་ཡོད་བྱེད་ཐབས་ཡིན། རབ་མཛེས་མཚོ་སྔོན་འགྲེམ་སྟོན་དང་དྲིལ་སྒྲོག ངོ་སྤྲོད་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྒེའུ་ཁུང་གལ་ཆེན་དང་། རིག་གནས་རང་རྟོན་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་བརྗོད་སྙིང་དུ་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་ཁྱབ་ཁོངས་སུ་མཉམ་འབྲེལ་མཉམ་འགུལ་དང་ཕན་ཚུན་དཔེ་ལྟ་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་སྟེགས་བུ་འཛུགས་པའི་ཕན་ཡོད་ཚོད་ལྟ་ཡིན་ཟེར།

དབྱང་ཧྥུན་ཁྲུན་གྱིས་ནན་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་གནོད་པ་ཐེབས་པའི་རྒྱབ་ལྗོངས་འོག སྐྱེ་ཁམས་འགྲེམ་ཚོགས་བསྡུ་བའི་འགྲན་རྩོད་མང་བ་དང་དཀའ་ཁག་ཆེ་ན་ཡང་། ཚད་གཞི་ཇེ་དམའ་རུ་གཏོང་མི་རུང་བ་དང་གྲུབ་འབྲས་ཇེ་ཉུང་དུ་གཏོང་མི་རིང་། བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་པ་དང་། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་པ། ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། གཙོ་རའི་ཇུས་འགོད་དང་འགྲེམ་སྟོན་འཆར་འགོད། ཚོང་བསྡུ་འགྲེམ་སྟོན། དྲིལ་སྒྲོག་བརྒྱུད་སྒྲོག་སོགས་བྱ་བ་བཟང་བོར་སྤེལ་ནས། བྱ་བ་སྤེལ་བའི་ཐད་ནས་གཙོ་གཞི་ཡོད་པ་དང་སྤུས་ཚད་ལྡན་པ། བྱེད་ཤུགས་ཆེ་བ། གྲུབ་འབྲས་ལྡན་པར་ཁག་ཐེག་བྱེད་དགོས། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འགོག་བྱེད་ཐབས་ལག་བསྟར་བྱས་ནས། སྐྱོན་གཅིག་ཀྱང་མི་འབྱུར་བར་ཁག་ཐེག་བྱེད་དགོས། འདུ་ཤེས་ལ་གསར་གཏོད་བྱེད་པ་དང་མིག་རྒྱ་སྐྱེད་པ། དྲ་ཐོག་དྲ་འོག་གི་བརྗེ་རེས་མཉམ་བསྲེས་བེད་སྤྱོད་པ། སྤུས་ཚད་མཐོན་པོས་གྲུབ་འབྲས་བཟང་བོ་མངོན་པར་བྱས་ཏེ། འགྲེམ་ཚོགས་ཁྱད་ཆོས་ལྡན་པ་དང་ཚོང་རྟགས་མིང་གྲགས་ཅན། ཚེ་སྲོག་ནུས་པ་ལྡན་པར་བསྒྲུབ་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།