མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པའི་རྩོམ་ཡིག་ལས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པར་བསྟན། 
2020.06.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 35

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་པར་བསྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་སྟེ་ཁ་ཡིག་ལ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ། 

རྩོམ་ཡིག་ལས་བསྟན་དོན། འགན་སྲུང་དྲུག་ནི་ང་ཚོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན་པ་དང་། དཀའ་ཁག་དང་འགྲན་རྩོད་ཇི་ལྟར་མང་ན་དེ་ལྟར་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོང་བར་བྱེད་པ་དང་། དམངས་འཚོའི་མ་མཐའི་ཚད་ཐིག་སྲུང་འཛིན་བྱས་ཏེ། ནན་ཏན་གྱིས་དམངས་འཚོའི་དོན་དངོས་བཟང་བོར་བསྒྲུབ་དགོས་ཟེར། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དམངས་འཚོ་ལེགས་བཅོས་བྱེད་པ་དང་འགན་སྲུང་བྱེད་པ་དམ་འཛིན་བྱས་ཤིང་། ཐབས་བརྒྱ་ཇུས་སྟོང་གིས་དོན་དངོས་བྱ་བ་གནད་དུ་བཟུང་སྟེ། ངེས་པ་དོན་གྱིས་མང་ཚོགས་ཀྱི་དོན་དངོས་དཀའ་ཁག་ཐག་གཅོད་བྱེད་པར་རོགས་རམ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་མི་སུ་རྗེས་སུ་མི་བསྐྱུར་བར་ཁག་ཐེག་བྱེད་དགོས་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།