མཱ་ཝེ་ཡིས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་བྱ་བར་རྟོག་ཞིབ་བྱས།
2020.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་དང་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ལྟེ་གནས་སོགས་ལ་སོང་ནས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་བྱ་བར་ཡུལ་དངོས་རྟོག་ཞིབ་བྱས་པ་དང་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་མཛིན་བྱས།

མཱ་ཝེ་ཡིས་བསྟན་དོན། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྤྱི་བདེ་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་མོ་བྱེས་པ་དང་། ལས་འགན་བཀོད་སྒྲིག་གསལ་བོ་བྱས་ལ། སྡེ་ཁག་བར་གྱི་མཉམ་ལས་ལ་གོ་རིམ་ལྡན་ཞིང་མང་ཚོགས་དེའི་ཁྲོད་ཞུགས་པ་དང་། ཁྲིམས་འཛིན་གྱོད་སྒྲུབ་བཟང་བོ་བྱས་པས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཟེར།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། ཡུན་ཕན་རྐྱེན་སྲོལ་འཛུགས་པ། ཡུན་ཕན་རྒྱུན་སྐྱོང་ལ་སྐུལ་འདེད་བཏང་སྟེ། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཐད་ནས་ཁྱོན་ཡོངས་ཀྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས། ཆབ་སྲིད་ཀྱི་སྣེ་ཁྲིད་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་སྒོས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཚད་གཞི་རུ་བྱས་ནས། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་བརྟན་བརླིང་ངང་སྤེལ་དགོས། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་གཞི་རྐྱེན་སྲོལ་དགེ་མཚན་འདོན་སྤེལ་བྱེད་པ། མང་ཚོགས་ལ་སྐུལ་སློང་བྱེད་པ་དང་མང་ཚོགས་ལ་རྒྱབ་རྟེན་པ། མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། ནག་སེལ་ངན་འཇོམས་ཀྱི་མི་དམངས་འཐབ་འཛིང་གི་རྒྱལ་ཁ་ལེན་དགོས། ཁྲིམས་སྐྱོང་འགན་སྲུང་འབུར་དུ་ཐོན་པར་བྱེད་པ་དང་། ཁྲིམས་སྐྱོང་བསམ་བློ་དང་རྩོད་སྒྲུབ་བསམ་བློ་བཀོལ་ནས་ཁྲིམས་འཛིན་གྱོད་སྒྲུབ་བྱེད་པ། གྱོད་གཞི་བསྒྲུབ་པའི་དོན་དངོས་ཀྱི་འགག་སྒོ་དང་བདེན་དཔང་གི་འགག་སྒོ། བཅའ་ཁྲིམས་ཀྱི་འགག་སྒོ་དམ་སྲུང་བྱས་ནས། ནག་སེལ་ངན་འཇོམས་དེ་ཁྲིམས་སྐྱོང་གི་ལམ་བུའིསྟེང་སྤེལ་བར་ཁག་ཐེག་བྱེད་དགོས། མཉམ་ལས་མཉམ་འགུལ་ཇེ་དྲག་ཏུ་གཏོང་བ་དང་། སྡེ་ཁག་བར་གྱི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་བསྣན་ནས། མཉམ་འཛིན་མཉམ་སྡོམ་དང་ཕན་ཡོད་སྦྲེལ་མཐུད། གྲུབ་འབྲས་ལ་ཁག་ཐེག་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས། ནུས་པ་དང་བྱང་ཚད་མཐོར་འདེགས་བཏང་སྟེ། ཆབ་སྲིད་བྱང་ཚད་བཟང་བ་དང་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པའི་ནག་སེལ་ངན་འཇོམས་ཀྱི་ཆེད་ལས་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར།

ལོ་ཙྭ་བ།རིན་ཆེན་མཚོ།