རྒྱལ་ཁབ་མང་བོའི་མི་སྣས་ཞང་ཀང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ནི་ཀྲུང་གོའི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་བསྟན། 
2020.06.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 35

རྒྱལ་ཁབ་མང་བོའི་མི་སྣས་བལྟས་ན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁྲིམས་ལྟར་ཞང་ཀང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཛུགས་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་ལུགས་མཐུན་གྱི་བྱ་སྤྱོད་ཅིག་ཡིན་སྟབས་རྒྱལ་ཁབ་གཞན་པས་དེར་ཐེ་གཏོགས་བྱེད་པའི་དབང་ཆ་མེད་པར་འདོད། 

ཁྲའོ་ཞན་ངལ་རྩོལ་ཏང་གི་ལས་ཁུངས་ཚགས་པར་ངལ་རྩོལ་གསར་འགྱུར་གྱིས་ཉེ་སྔོན་ཁ་བྱང་ལ་མི་སུ་ཡིན་ཡང་བདག་དབང་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་པ་གཏོང་མི་རུང་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ། རྩོམ་ཡིག་ལས་བཤད་རྒྱུར། ཞང་ཀང་དུ་མི་རེ་འགས་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ངན་སྐུལ་ལ་བརྟེན་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད། ཀྲུང་གོའི་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་དང་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། དོན་དེའི་ཐད་ནས་མི་སུ་ཡིན་ཡང་ཐེ་གཏོགས་དང་འཆལ་གཏམ་སྒྲོག་པའི་དབང་ཆ་མེད། རྒྱུ་མཚན་ནི་ཞང་ཀང་ནི་ཀྲུང་གོའི་མངའ་ཁོངས་ཀྱི་འབྲལ་དུ་མེད་པའི་ཁག་ཅིག་ཡིན་པས་རེད། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གང་ཡིན་ཡང་ལུགས་མཐུན་ཡིན་ཟེར། 

ཞང་ཀང་དུ་སྡོད་པའི་མའོ་ཞི་ཁོའི་སྔོན་ཆད་ཀྱི་སྤྱིའི་གཞུང་ཚབ་པ་ལོ་ཨར་ཏན་གྱིས་བཤད་རྒྱུར། ཞང་ཀང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཛུགས་ཀྱིས་ཞང་ཀང་གནད་དོན་ཐག་གཅོད་བྱེད་པར་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད་ཅིང་། ཞང་ཀང་གི་དར་རྒྱས་དང་གཏན་འཇགས་ལ་ཡར་སྐུལ་གཏོང་བར་ཕན་ཐོགས་ཡོད། རྒྱལ་ཁབ་རེ་འགས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དང་ཞང་ཀང་གི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོར་མ་ཉེས་ཁ་གཡོག་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་བར་ཆད་བཟོ་འདོད་པ་ནི་དང་ལེན་གཏན་ནས་བྱེད་ཐབས་མེད་པ་ཞིག་རེད། ཞང་ཀང་ནི་ཀྲུང་གོའི་ཁག་ཅིག་ཡིན་པས། ཕྱོགས་སོ་སོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཐབས་ཇུས་ལ་ནོར་འཆུག་གི་གོ་བ་ལེན་མི་རུང་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།