ལིག་ཐོ་ཡིས་ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་བཙོག་བཟོ་འགོག་བཅོས་དང་བཙོག་ཆུ་ཕྱིར་འདོན་སའི་ཞིབ་བཤེར་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།
2020.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐོ་ཙོང་ཆུ་བཞུར་རྒྱུད་ས་ཁོངས་སུ་སོང་ནས་ཆུ་བཙོག་བཟོ་འགོག་བཅོས་དང་བཙོག་ཆུ་ཕྱིར་འདོན་སའི་བཅོས་སྐྱོང་ཚོད་ལྟ། ཆུ་དཔོན་ལམ་ལུགས་ལག་བསྟར་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྟོབས་ཤུགས་ཡོད་རྒུས་མཁྲེགས་གཏོར་དང་རྟོག་སེལ་བྱེད་པ་དང་། མ་ལག་བཅོས་སྐྱོང་ཟབ་སྤེལ་བྱེད་པ། ཆུའི་བཙོག་བཟོ་འགོག་བཅོས་ཇེ་དྲག་ཏུ་བཏང་སྟེ། རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་ཟེར།

ལིག་ཐོ་སོགས་སྔ་གཞུག་ཏུ་སྟོང་སྐོར་རྫོང་ཀའོ་མིས་ཐང་བཙོག་ཆུ་ཐག་གཅོས་ས་ཚིགས་དང་ཟི་ལིང་གྲོང་ཁྱེར་པེ་ཁྲོན་ཆུ་བོ། ནན་ཁྲོན་ཆུ་བོ། མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་བཙོག་ཆུ་ཐག་གཅོད་བཟོ་གྲྭའི་ཆུའི་སྤུས་ཚད་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་བཅས་ལ་སོང་ནས། བཙོག་ཆུ་ཐག་གཅོད་དང་ཆུ་རྐ་བཅོས་སྐྱོང་། བཙོག་ཆུ་ཕྱིར་འདོན་སའི་རྟོག་སེལ་བཅོས་སྐྱོང་དང་ཆུའི་སྤུས་ཚད་ལྟ་ཞིབ་ཚན་ལེན་སོགས་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཆུ་དཔོན་ལམ་ལུགས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས། ཁོས་བསྟན་དོན། ཙོང་ཆུའི་བཙོག་ཆུ་ཕྱིར་འདོན་སའི་རྟོག་སེལ་བཅོས་སྐྱོང་སྤེལ་རྒྱུ་ནི། རྨ་ཆུའི་བཞུར་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་བསྒྱུར་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་རྨང་གཞི་རང་བཞིན་གྱི་བྱ་བ་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཡིན་པས། འབྲེལ་ཡོད་ས་ཁུལ་གྱིས་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པ་དང་ཆུའི་བཙོག་བཟོ་འགོག་བཅོས། ཆུའི་ཁོར་ཡུག་ལེགས་བསྒྱུར། ཆུའི་སྐྱེ་ཁམས་སླར་གསོ་བྱེད་པའི་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ནས། ཙོང་ཆུའི་ཆུ་དྭངས་པ་དང་འགྲམ་ངོགས་ལྗང་མདོག་ལྡན་པ། ཁོར་ཡུག་མཛེས་སྡུག་ལྡན་པ་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ལིག་ཐོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བཟང་པོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་བསྒྱུར་བྱེད་པ་གཙོར་འཛིན་པ། མགོ་ཁུངས་ཀྱི་འགན་འཁྲི་བརྟན་སྲུང་བྱེད་པ། གཙོ་ཆུའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ས་གནས་སྲིད་གཞུང་གི་གཙོ་གཞི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ། སྐྱེ་ཁམས་དམར་མཚམས་དང་ཚད་མཐའ་བརྟན་སྲུང་བྱེད་པ། ཆུའི་བཙོག་བཟོ་འགོག་བཅོས་དང་ཆུ་དཔོན་ལམ་ལུགས་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུའི་ཕྱིར་འདོན་སའི་མཐིལ་གྲངས་ལ་རྒྱུས་ལོན་གསལ་བོ་བྱེད་པ། བཙོག་ཆུ་ཕྱིར་འདོན་སར་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ། དྭངས་གཙང་ཆུ་བོ་ཤར་དུ་བཞུར་བར་ཁག་ཐེག་བྱེད་དགོས་ཟེར།

ལོ་ཙྭ་བ།རིན་ཆེན་མཚོ།