ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།
2020.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་པེ་ཅིན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་ཁ་ཡིག་ལ་མཐུན་སྒྲིལ་རིམས་འགོག་དང་དཀའ་ཁག་མཉམ་སེལ་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་གསུང་བཤད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་པེ་ཅིན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་ཁ་ཡིག་ལ་མཐུན་སྒྲིལ་རིམས་འགོག་དང་དཀའ་ཁག་མཉམ་སེལ་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་གསུང་བཤད་གནང་།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་པེ་ཅིན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་ཁ་ཡིག་ལ་མཐུན་སྒྲིལ་རིམས་འགོག་དང་དཀའ་ཁག་མཉམ་སེལ་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་གསུང་བཤད་གནང་། ཁོང་གིས་བསྟན་དོན། རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཕན་ཚུན་ལ་ངག་ཐོག་ནས་རྒྱབ་སྐྱོར་དང་དཔུང་བ་མཉམ་གཤིབ་སྒོས་འབད་འཐབ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་སྔར་ལས་མཐུན་སྒྲིལ་བྱེད་པ་དང་མཛའ་མཐུན་ཡིད་ཆེད་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་སྤྱིའི་གནས་བབ་ལ་ཇི་ལྟར་འགྱུར་ལྡོག་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པའི་ཆོད་སེམས་ལ་ནམ་ཡང་འགྱུར་བ་མེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཨ་ཧྥེ་རི་ཁའི་རིམས་འགོག་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་གང་ཡོད་བཏོན་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་རིམས་ནད་ལ་འགོག་རྒོལ་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་བློ་བརྟན་འགྱུར་མེད་སྒོས་ཕྱོགས་མང་རིང་ལུགས་ལག་ལེན་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་དང་སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁདའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཟེར།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞི་རྒྱལ་ཁབ་སེ་ནེ་ཀལ་གྱིས་མཉམ་དུ་གྲོས་འགོ་བཏོན་ཏེ་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་བསྡུས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། འཛམ་གླིང་ཡོངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་དུས་སྐབས་སུ། ང་ཚོས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས་ཤིང་གྲོགས་པོ་གསར་རྙིང་ཚང་མ་བརྙན་རིས་ཀྱི་ལམ་ནས་མཉམ་འཛོམས་ཏེ། མཐུན་སྒྲིལ་རིམས་འགོག་ཇུས་གཞི་ལ་མཉམ་གྲོས་བྱས་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤུན་ཟླའི་མཛའ་བཤེས་ཇེ་ཟབ་ཏུ་བཏང་། གློ་བུར་དུ་བྱུང་བའི་ཐེངས་འདིའི་རིམས་ནད་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གནོད་འཚེ་བཟོས་པ་དང་མི་དམངས་འབུམ་གཅིག་ལྷག་གི་ཚེ་སྲོག་ཤོར། བདག་གིས་ང་ཚོས་ཐེངས་འདིའི་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུ་བ་དང་ཁོ་ཚོའི་གཉེན་ཉེ་རྣམས་ལ་འཚམས་འདྲི་ཞུ་པའི་གྲོས་གཞི་བཏོན་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་འགྲོ་བཞིན་ཡོད་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་རིམས་ནད་འགོག་བཅོས་དང་དཔལ་འབྱོར་བརྟན་འཇགས། དམངས་ཚིས་ལེགས་བཅོས་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་དང་འཕྲད་ཡོད། ང་ཚོས་མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་ལ་གཅིག་འགྱུར་སྒོས་འཆར་འགོད་བྱེད་པ་དང་མཐུན་སྒྲིལ་མཉམ་ལས་བྱེད་དགོས་ལ། ནུས་ཤུགས་གང་ཡོད་བཏོན་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱེད་དགོས་པ་དང་། ཚད་མཐོན་པོའི་སྒོ་ནས་རིམས་ནད་ཀྱི་ལྡོག་ཕྱོགས་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས། གཅིག ང་ཚོས་བློ་བརྟན་འགྱུར་མེད་སྒོས་ལས་རྡང་སྦྲེལ་ཏེ་རིམས་ནད་འགོག་རྒོལ་བྱེད་དགོས། གཉིས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གསུམ། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཕྱོགས་མང་རིང་ལུགས་ལག་ལེན་བྱེད་དགོས། བཞི། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་ལ་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་སྟེང་སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་རྒྱུ་ཐད་བཅད། དེ་རིང་ང་ཚོས་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས་པ་ནི་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་པེ་ཅིན་མཐོ་རིམ་གྲོས་ཚོགས་སྟེང་ཁས་བླངས་པ་ལག་ལེན་བྱེད་པ་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཐད་ལ་སྟོབས་ཤུགས་འདོན་རྒྱུ་དེ་ཡིན་ཟེར།

ཐེངས་འདིའི་གྲོས་ཚོགས་ཀྱི་དངོས་གཉེར་ཕན་འབྲས་མཐོ་བ་དང་། ཧུར་ཐག་མཛའ་མཐུན་གྱི་སྣང་ཚུལ་ཁྲོད་དུ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། མཐོ་རིམ་གྲོས་ཚོགས་སྟེང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཀྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཏའེ་ཞའོ་ཞང་དང་སུན་ཁྲུན་ལན། ཝང་དབྱི། ཧི་ལིས་ཧྥིན་སོགས་གྲོས་ཚོགས་ལ་ཞུགས།

                                                                                                    ལོ་ཙཱ་བ། བཀྲ་ཤིས་འབུམ།