ཞིང་ཆེན་སྒྲིག་གཞི་བཅོས་སྒྱུར་དང་སྒྲིག་གཞིའི་སྒྲིག་ལུགས་དོ་དམ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་ནས་ཚོགས
2020.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་སྒྲིག་གཞི་བཅོས་སྒྱུར་དང་སྒྲིག་གཞིའི་སྒྲིག་ལུགས་དོ་དམ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་ནས་ཚོགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་ཡིས་ཞིང་ཆེན་སྒྲིག་གཞི་བཅོས་སྒྱུར་དང་སྒྲིག་གཞིའི་སྒྲིག་ལུགས་དོ་དམ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་འཛུགས་རྒྱུ་ཐག་བཅད་པ་ནི་སྒྲིག་གཞིའི་སྒྲིག་ལུགས་བྱ་བའི་སྲོལ་ཡིག་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། དེ་སྒྲིག་གཞིའི་འགན་ནུས་ལེགས་སྒྱུར་དང་མཐུན་སྦྱོར་། ཕན་འབྲས་མཐོ་བར་སྐུལ་འདེད་གཏོང་བ་དང་སྲིད་འཛིན་ཕན་ནུས་མཐོར་འདེགས་སུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་སྡེ་ཁག་གི་ཆེད་ལས་ཁྱད་སྟོབས་དང་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། མཉམ་ཤུགས་བཏོན་ནས་སྒྲིག་གཞིའི་སྒྲིག་ལུགས་བྱ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

                                                                                           ལོ་ཙཱ་བ། བཀྲ་ཤིས་འབུམ།