མཱ་ཅི་ཞའོ་ཡིས་བྱིས་གཉོར་ཁང་གི་སློབ་འགོ་རྩོམ་པ་དང་རིམས་ནད་འགོག་སྡོམ་གནས་ཚུལ་ལ་རྟོག་ཞིབ་བྱས།
2020.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

བདུན་གཅིག་ཏང་འཛུགས་དུས་ཆེན་གྱི་སྔོན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་སྔོན་ཞིང་ཆེན་དྲུག་གཅིག་བྱིས་གཉོར་ཁང་དང་ཞིང་ཆེན་སན་མའོ་བྱིས་གཉོར་ཁང་གཉིས་ལ་སོང་ནས་བྱིས་གཉོར་ཁང་གི་སློབ་འགོ་རྩོམ་པ་དང་རིམས་ནད་འགོག་སྡོམ་བྱེད་པའི་གནས་ཚུལ་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཏང་འཛུགས་བྱ་བར་སྐུལ་འདེད་ལྟ་སྐུལ་དང་མཛུབ་སྟོན་བྱས། མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། བསམ་བློའི་ངོས་ཟིན་ཇེ་དྲག་ཏུ་གཏོང་བ། བྱིས་གཉོར་ཁང་གི་སློབ་འགོ་རྩོམ་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ། བྱིས་གཉོར་ཁང་གི་སློབ་འགོ་རྩོམ་པའི་བྱ་བ་དམ་འཛིན་བྱས་ནས། བཏང་ལྷོད་སྤུ་ཙམ་ཡང་བྱེད་མི་རུང་ཟེར།

མཱ་ཅི་ཞའོ་བྱིས་གཉོར་ཁང་གི་སློབ་ཁང་དང་བྱ་འགུལ་ཁང་། ཁྱམས་ར། ཉལ་ཁང་། ཟ་ཁང་བཅས་ལ་སོང་ནས། དུག་སེལ་དང་ཁ་ཐུམ། ལག་པ་འཁྲུད་བྱེད་སོགས་འགོག་སྡོམ་མཁོ་དངོས་གྲ་སྒྲིག་གནས་ཚུལ་ཐད་ནས་ལྟ་ཞིབ་གསལ་བོ་བྱས། མཱ་ཅི་ཞའོ་ཡིས་བསྟན་དོན། རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། རིམས་ནད་གནས་ཚུལ་དང་མཐུན་པའི་རྒྱུན་རྣམ་ཅན་གྱི་སློབ་རའི་འགོག་སྡོམ་མ་ལག་འཛུགས་པ། ཧ་ཅང་མཐོང་ཆེན་བྱེད་པ་དང་ཁ་གཏད་བཟང་བོ་འཇལ་བ། གྲ་སྒྲིག་ཚོད་འཛིན་ནན་མོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་པ། དུས་ཚོད་བསྣོལ་བའི་རྩ་དོན་ལྟར། ཁོར་ཡུག་འཕྲོད་བསྟེན་དུག་སེལ་དང་མི་ཡོངས་ཀྱི་འགོག་སྡོམ་ཤེས་བྱའི་གསོ་སྦྱོང་། དགེ་རྒན་དང་བྱིས་པའི་བདེ་ཐང་ཆ་འཕྲིན་རྟོག་སེལ། ཁྱིམ་ཚང་དང་བྱིས་གཉོར་ཁང་བར་གྱི་བརྗེ་རེས། དགེ་རྒན་དང་བྱིས་པའི་ལུས་དྲོད་འཇལ་བ། ཉིན་གང་བོའི་ལྟ་ཞིབ་དང་ནད་བྱུང་ནས་སློབ་ཞུགས་བྱེད་མི་ཐུབ་པར་རྗེས་འདེད་དོ་དམ་བྱེད་པ། བྱིས་པའི་ཉིན་གཅིག་གི་བྱ་འགུལ་གྱི་འགོག་སྡོམ་བྱེད་ཐབས་སོགས་བཟང་བོར་བསྒྲུབ་དགོས། དོ་དམ་མི་སྣ་དང་དགེ་རྒན་གྱི་རིམས་ནད་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་བ་དང་། དགེ་སློབ་གཉིས་ཀྱི་འགོག་སྲུང་ཤེས་བྱ་ཇེ་དྲག་ཏུ་གཏོང་བ། དགེ་རྒན་དང་བྱིས་པའི་བདེ་འཇགས་འགོག་སྲུང་དྲ་རྒྱ་བརྟན་པོ་བཙུགས་ཏེ། བྱིས་གཉོར་ཁང་གི་སློབ་འགོ་རྩོམ་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།