མགོན་པོ་བཀྲ་ཤིས་ཀྱིས་ཏ་ཐུང་རྫོང་གི་བྱ་བར་རྟོག་ཞིབ་བྱས།
2020.06.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་བྱ་བར་རྟོག་ཞིབ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་ཏ་ཐུང་རྫོང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས། གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་དཔལ་འབྱོར་སོགས་ཀྱི་ལས་དོན་སྙན་ཞུར་ཉན་པར་མ་ཟད། ཟམ་སྣེ་དབྱི་སི་ལམ་ཆོས་ཁང་དང་ཀོང་ཧུའེ་དགོན་པར་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་བཞུགས་མོལ་བྱས་ཏེ་བསྟན་དོན། ཏ་ཐུང་ནི་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས་ཀྱི་མི་རིགས་རང་སྐྱོང་རྫོང་ཞིག་ཡིན་ཞིང་། མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་རོགས་རེས་དང་འཆམ་མཐུན་མཉམ་གནས། ཐུན་མོང་ཐོག་འཕེལ་རྒྱས་བཅས་བྱུང་ཡོད་པར་མ་ཟད། རང་རེའི་ཞིང་ཆེན་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་ཁག་སྐོར་དང་པོའི་གྲས་ཀྱང་ཡིན། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། “ངོས་འཛིན་ལྔ”ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལས་སྐལ་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།