བློ་མཐུན་ལིའུ་ཉིང་ལེའོ་ཉིན་ཞིང་ཆེན་ཏང་ཨུའི་ཨུ་ཡོན། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་གཞོན་པར་བསྐོས།
2020.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ལེའོ་ཉིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ལེའོ་ཉིན་ཞིང་ཆེན་གྱི་འགོ་ཁྲིད་བློ་མཐུན་བརྗེ་སྤོར་བྱས་པའི་སྐོར་གྱི་ཆོད་དོན་བརྒྱུད་བསྒྲགས་བྱས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ལས་དོན་ཨུ་ཡོན་ཞོར་དུ་ལས་བྱེད་པའི་ཅུའུ་གཉིས་པའི་ཅུའུ་ཀྲང་གི་འགན་ཁུར་མཁན་ཀྲང་ཀོང་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་བློ་མཐུན་ལིའུ་ཉིང་ལེའོ་ཉིན་ཞིང་ཆེན་ཏང་ཨུའི་ཨུ་ཡོན། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་གཞོན་པར་བསྐོས་པའི་ཀྲུང་དབྱང་གི་ཆོད་དོན་ཁྱབ་བསྒྲགས་བྱས།

ལེའོ་ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆིག་ཧྥ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་ལིའུ་ཉིང་གིས་གཏམ་བཤད། ལེའོ་ཉིན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞ་ཏི་རིན་གྲོས་ཚོགས་ལ་ཞུགས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་དང་ལེའོ་ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲིག་པའོ་དང་ད་ལྟ་ཞིང་ཆེན་རིམ་པའི་འགན་འཁུར་བའི་འགོ་ཁྲིད་ལས་བྱེད་པ་གྲོས་ཚོགས་ལ་ཞུགས། 

                                                                                                       ལོ་ཙཱ་བ། བཀྲ་ཤིས་འབུམ།