ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་དཔེ་ཆ་པོད་གསུམ་པ་རྒྱ་ཡིག་དང་དབྱིན་ཡིག་ཏུ་འགྲེམ་སྤེལ་བྱས།
2020.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་། ཀྲུང་གོ་ཕྱི་ཡིག་ཅུའུ་བཅས་ཀྱིས་རྩོམ་བསྒྲིགས་བྱས་པའི་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་དཔེ་ཆ་པོད་གསུམ་པ་ཉེ་ལམ་ཕྱི་ཡིག་པར་སྐྲུན་ཁང་གིས་དབྱིན་ཡིག་ཏུ་བསྒྱུར་ནས་པར་དུ་བསྐྲུན་པ་དང་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཏང་གིས་ངེས་པར་དུ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་དགོངས་དོན་དུ་གཏན་འཁེལ་བྱས་པར་མ་ཟད་ཏང་གི་སྒྲིག་ཡིག་ནང་བཀོད་པ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པས་དགོངས་དོན་གལ་ཆེན་དེ་རྩ་ཁྲིམས་ནང་བཀོད་པས། ཏང་དང་རྒྱལ་ཁབ་ཀྱི་མཛུབ་སྟོན་དགོངས་པ་བབ་བསྟུན་མདུན་སྐྱོད་བྱེད་པ་མངོན་འགྱུར་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་རྒྱལ་སྲིད་སྐྱོང་ལུགས་ལ་སྐུལ་འདེད་གཏོང་བར་འགོ་ཁྲིད་པའི་ལག་ལེན་ཁྲོད་དུ་གསར་སྐྲུན་རང་བཞིན་དང་དུས་རབས་རང་བཞིན། མཛུབ་སྟོན་རང་བཞིན་གྱི་བསམ་བློའི་ལྟ་ཚུལ་གང་མང་བཏོན། ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་དཔེ་ཆ་པོད་གསུམ་པའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། གླེང་མོལ། མཆོག་མཆན་མཛུབ་སྟོན། མཛུབ་སྟོན། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སོགས་བཀོད་ཡོད།

ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་དཔེ་ཆ་པོད་གསུམ་པ་འགྲེམ་སྤེལ་བྱས་པ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་ལ་སློབ་སྦྱོང་བྱས་ནས་ཡོངས་སུ་ཤེས་པར་བྱེད་པ་དང་ལག་ལེན་ནན་མོ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་མུ་མཐུད་དུ་བརྩོན་ལེན་བྱེད་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

                                                                                       ལོ་ཙཱ་བ། བཀྲ་ཤིས་འབུམ།