ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གཉིས་ཀྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་ཀྱི་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས་ཏེ། མཚོ་ལྷོ་ཁུལ་གྱི་ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་བྱ་བའི་ཉམས་མྱོང་སློབ་སྦྱོང་དང་ལྟ་སྦྱོང་བྱས་པ་དང་ཁྱབ་གདལ་དུ་བཏང་ནས། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་བྱ་བ་ནི་འགལ་རྩོད་སྣ་མང་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་ཕན་ཡོད་བྱེད་ཐབས་ཡིན་པས། རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་ལག་བསྟར་བྱེད་པའི་ལས་འགན་ལ་དམིགས་ནས། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་བྱ་བ་ཕན་ཡོད་པའི་སྒོ་ནས་བསྒྲུབ་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་བྱ་བའི་དམིགས་འབེན་ལས་འགན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ་དང་ཤུགས་འདོན་པ། ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་སྟེགས་བུ་འཛུགས་པ། བར་འདུམ་མི་སྣ་བཀོད་སྒྲིག་བྱེད་པ། བར་འདུམ་ཆུ་ཚད་མཐོར་འདེགས་གཏོང་བ། འགན་སྲུང་རྐྱེན་སྲོལ་བཙུགས་ནས། ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས། རིམ་པ་སོ་སོའི་ཁྲིམས་ཁང་དང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་གཏན་ཁེལ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་དགོས། མཉམ་ལས་གཞོགས་འདེགས་ལ་ཤུགས་བསྣན་ནས། བྱ་བའི་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་དགོས། ཕྱོགས་གཅིག་ལ་ཤུགས་འདོན་པ་དང་། མཉམ་དུ་བྱ་བར་མཛུབ་ཁྲིད་བཟང་བོ་བྱས་ཏེ། ཞུ་གཏུག་འདུམ་སྒྲིག་སྦྲེལ་མཐུད་བྱ་བ་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ཏུ། མཚོ་ལྷོ་ཁུལ་ཁྲིམས་འཛིན་ཅུའུ་དང་གུང་ཧོ་རྫོང་ཁྲིམས་ཁང་གཉིས་ཀྱིས་སོ་སོར་བརྗེ་རེས་གཏམ་བཤད་སྤེལ། ཚོགས་ཞུགས་མི་སྣས་གུང་ཧོ་རྫོང་མི་དམངས་བར་འདུམ་ལྟེ་གནས་དང་གུང་ཧོ་རྫོང་ཁྲིམས་འཛིན་ཅུའུ་སོགས་ལ་སོང་ནས། གུང་ཧོ་རྫོང་མི་དམངས་བར་འདུམ་ལྟེ་གནས་ཀྱི་ཞུ་གཏུག་འདུམ་སྒྲིག་བྱ་བའི་ཆེད་དོན་བརྙན་རིས་ལ་བལྟས།
ལོ་ཙཱ་བ། རིན་ཆེན་མཚོ།