མགོན་པོ་བཀྲ་ཤིས་ཀྱིས་མཚོ་བྱང་གི་བྱ་བར་རྟོག་ཞིབ་བྱས།
2020.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་བདུན་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་བྱེད་པའི་མཚོ་སྔོན་གྱི2020ལོའི་འགུལ་སྐྱོད་ཇུས་གཞི་ཡི་དམིགས་འབེན་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་སྙན་ཞུ་ཕུལ། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་མཉམ་དུ་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། མགོན་པོ་བཀྲ་ཤིས་སོགས་ཀྱིས་མཚོ་བྱང་ཁུལ་དང་རྐང་ཚ་རྫོང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས་པར་མ་ཟད། མདེལ་གཉིས་སྐར་གཅིག་གི་ཕུགས་འདུན་ཡིད་རྟོན་སློབ་གསོ་སློབ་གླིང་དང་འོམ་ཆུ་གྲོང་རྡལ་མཁར་ཤར་གཞིས་ཁུལ། རླུང་རྟ་ཞིང་ཕྱུགས་ཐོན་རྫས་ཚོང་གཉེར་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་ཟི། རྐང་ཚ་རྫོང་སིལ་ཏོག་སྔོ་ཚལ་འདེབས་གསོ་ཚོད་ལྟ་རྟེན་གཞི་སོགས་ལ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་བྱེད་པའི་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་ལ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ཐོན་ལས་མགྱོགས་མྱུར་སྒོས་ཚུལ་བསྒྱུར་རིམ་སྤོར་བྱེད་པ། དམངས་ཚིས་ལེགས་སྒྱུར་བཅས་བྱས་ནས། གྲུབ་འབྲས་མངོན་གསལ་བླངས་ཟེར། ཁོས་ནན་གྱིས་བསྟན་དོན། འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་པའི་ལྡེ་མིག་ཡིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ་དང་། འཕེལ་རྒྱས་དང་གཏན་འཇགས།  སྲུང་སྐྱོབ་བཅས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་གྱི་མཚོན་བྱེད་རྣམ་པ་དང་ཐག་གཅོད་བྱེད་ཐབས་ལ་རྒྱུས་ལོན་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། ཧུར་ཐག་གིས་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་བྱེད་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཁོང་ཡུང་གིས་བསྟན་དོན། ད་ལོར་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་པས། དབུལ་ཐར་གཅིག་དང་ལྡབ་འགྱུར་གཉིས། མངོན་འགྱུར་བཞིའི་སྤྱིའི་རེ་བར་གཞིགས་ནས། བར་ཁྱད་འཚོལ་བ་དང་ལག་བསྟར་དམ་འཛིན་བྱེད་དགོས། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། སྔ་མོ་ནས་འཆར་འགོད་བྱས་ཏེ། མཚོ་བྱང་གིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། སྔར་ལས་བཟང་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།